choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ན་གོར་མོའི་མེ་འཁོར་འབབ་ཚིཊ་སུ་མེ་འཁོར་གདོང་ཐུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠།༢༥ཉིན་སྤེལ།
ད་རེས་ཚེས༢༣ཉིན་གྱི་དགོང་མོའི་དུས་ཚོད༢༠དང་སྐར་མ ༡༠ སྟེང་མདོ་དབུས་ལྕགས་ལམ་གྱི་སྟེང་གི་མེ་འཁོར་ཞིག་ན་གོར་མོའི་ས་གནས་ནས་མེ་འཁོར་གདོང་ཐུག་བྱས་ནས་མི་༥༠ལྷག་ལ་རྨས་སྐྱོན་དང་།  མི་༣ལ་རྨས་སྐྱོན་ཚབ་ཆེན་དང་མི་ ༡ རྐྱེན་འདས་སུ་གྱུར་ཡོད་འདུག

སྤྱི་ལོ་༢༠༡༣ཟླ༡༠ཚེས༢༣ཉིན་གྱི་དགོང་མོའི་དུས་ཚོད༢༠དང་སྐར་མ ༡༠ སྟེང་མདོ་དབུས་ལྕགས་ལམ་གྱི་སྟེང་གི་མེ་འཁོར་ཞིག་ན་གོར་མོའི་ས་གནས་ནས་མེ་འཁོར་གདོང་ཐུག་བྱས་ནས་མི་༥༠ལྷག་ལ་རྨས་སྐྱོན་དང་།  མི་༣ལ་རྨས་སྐྱོན་ཚབ་ཆེན་དང་མི་ ༡ རྐྱེན་འདས་སུ་གྱུར་ཡོད་འདུག ན་གོར་མོའི་ཤར་རྒྱུད་མཚོ་བོད་ལྕགས་ལམ་བཟོ་སྐྲུན་ཁང་གི་མེ་འཁོར་སྟོང་པ་ཞིག་གདོང་ཐུག་བརྒྱབ་སྟེ། མི་ ༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་ལས། མི་ ༤ རྨས་སྐྱོན་ལྕི་མོ་ཕོག་ཡོད་པ་དང་མི་ ༡ རྐྱེན་འདས་སུ་ཕྱིན་ཡོད་འདུག  

དོན་རྐྱེན་བྱུང་རྗེས་གོང་རིམ་གྱི་བཀའ་བཀོད་ལྟར། ཡུལ་དངོས་སུ་ཉེན་རྟོག་པ་ ༡༧༠ དང་དྲག་ཆས་ཉེན་རྟོག་པ་ ༡༢༠། སྨན་གཡོག་མི་སྣ་ ༡༠༠ ལྷག མྱུར་སྐྱོབ་རླངས་འཁོར་ ༦། དེ་མིན་གྱི་རླངས་འཁོར ༡༠༠ ལྷག་འབྱོར་ཏེ་མྱུར་སྐྱོབ་དང་ཡུལ་དངོས་གཙང་བཟོ་བྱས་ཡོད་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་གོང་གསལ་ལྕགས་ལམ་དེ་ཡོངས་སུ་སྒོ་འབྱེད་ཀྱིས་ཕྱི་ཚེས་ ༢ ཉིན་གྱི་ཞོགས་པར་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་ཐེངས་དང་པོ་བོད་ཀྱི་རྒྱལ་ས་ལྷ་ས་རུ་འབྱོར་ཡོད་པ་དང་། ན་གོར་མོ་མེ་འཁོར་འབབ་ཚིགས་ནི་མཚོ་བོད་ལྕགས་ལམ་ཟེར་བའི་འབབ་ཚིགས་ཨང་གཉིས་པ་ཡིན་ལ། ཕྱི་ལོ ༡༩༧༩ ལོར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིའུ་ ༢༨༢༩ ཡོད་པའི་ན་གོར་མོ་གྲོང་ཁྱེར་དུ་གསར་འཛུགས་བྱས་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།