choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐད་འཕྲིན་ནང་གི་སྐད་ཆ་སོགས་ཀྱི་ཉེས་མིང་འོག་འཇུ་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣/༡༠/༡༧ཉིན་སྤེལ། ནག་ཆུ་འབྲི་རུ་རྫོང་རྩ་ལ་ཤང་གྲོང་ཚོ་དང་པོ་ནས་ཡིན་པའི་སྐལ་བཟང་ཟེར་བའི་བུད་མེད་ཅིག་སྐད་འཕྲིན་ we chat ནང་དུ་ཚོགས་པ་འགའ་ཤས་ནང་དུ་སྐད་ཆ་འདྲ་མིན་བཤད་པ་དང་། ༧གོང་ས་མཆོག་གི་སྐུ་པར་སོགས་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་སྐུ་པར་དང་། བོད་ཀྱི་གླུ་གཞས་ཅི་རིགས་ཉར་ཚགས་བྱས་ཡོད་པའི་རྒྱུ་མཚན་ཁོ་ན་ཙམ་གྱིས་འཇུ་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་  ༡༡ ཙམ་ལ་ནག་ཆུ་འབྲི་རུ་རྫོང་རྩ་ལ་ཤང་གྲོང་ཚོ་དང་པོ་ནས་ཡིན་པའི་སྐལ་བཟང་ཟེར་བའི་བུད་མེད་ཅིག་ནག་ཆུ་ས་གནས་མཐོ་སྒང་ལམ་བདེ་འབྱང་མགྲོན་ཁང་སྒོ་འགྲམ་ནས་གློ་བར་དུ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་འཇུ་དགོས་བའི་རྒྱུ་མཚན་ནི་སྐད་འཕྲིན་ we chat ནང་དུ་གླེང་སྟེགས་ཚོགས་པ་འགའ་ཤས་ནང་དུ་སྐད་ཆ་འདྲ་མིན་བཤད་པ་དང་། སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་སོགས་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་སྐུ་པར་དང་། བོད་ཀྱི་གླུ་གཞས་ཅི་རིགས་ཉར་ཚགས་བྱས་ཡོད་པའི་རྒྱུ་མཚན་ཁོ་ན་ཙམ་གྱིས་འཇུ་བཟུང་བྱས་པ་ཡིན་འདུག
སྐལ་བཟང་གློ་བུར་འཇུ་བཟུང་བྱས་རྗེས་ཁོ་མོའི་སྤུན་ཤ་ཉེ་ཚོས་འབྲེལ་ཡོད་ལས་ཁུངས་སུ་བཅར་ནས་སྐལ་བཟང་ལགས་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ནག་ཉེས་ཅི་ཡོད་སོགས་ཀྱི་སྐད་ཆ་དྲིས་པར། འབྲེལ་ཡོད་ལས་ཁུངས་མགོ་ཁྲིད་ཚོས་སྐལ་བཟང་གང་དུ་ཡོད་མེད་ཤེས་ཀྱི་མེད་པ་དང་། རྩར་གཅོད་བྱས་མ་ཚར་བར་དུ་དེའི་སྐོར་ཧ་གོ་ཐུབ་པ་མ་རེད་ཅེས་ལན་ཁ་གསལ་མེད་པ་ཞིག་བཏབས་ཡོད་འདུག  
སྐལ་བཟང་ལགས་ནི་བོད་ཀྱི་བུད་མེད་བྱིངས་ལྟར་ལྟར་ཁྱིམ་འཛིན་མ་དཀྱུས་མ་ཞིག་ཡིན་པ་དང་། མོ་རང་ལ་ཕྲུ་གུ་གསུམ་ཡོད་པ་ལས་བུ་མོ་ཆེ་བ་སྲིད་ཐར་ཚེ་མཚོ་ལོ་ ༡༡ དང་། འབྲིང་ལྷ་མོ་ལོ་  ༩  ། བུ་མོ་ཆུང་བ་བཀྲ་ཤིས་ལྷ་མོ་ལོ་ ༤ བཅས་ཡིན་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།