choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་སྐལ་བཟང་ཆོས་དར་ལགས་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠༡༥ཉིན་སྤེལ།
རྒྱ་གཞུང་གི་ཉེན་རྟོག་པས་གྲྭ་སྐལ་བཟང་ཆོས་དར་ལགས་འཛིན་བཟུང་བྱས་པར་བཤད་གྲྭ་དེ་གའི་དགེ་འདུན་པ་ཡོངས་རྫོགས་ས་གནས་ཉེན་རྟོག་ལས་ཁུངས་སྒོ་ཁར་འཛོམས་ཏེ། འཛིན་བཟུང་བྱས་ཟིན་པའི་གྲྭ་བ་དེ་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག

དཀར་མཛེས་ཁུལ་དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་ནག་ཆུ་ཁུལ་སོག་རྫོང་ནས་ཡིན་པའི་གྲྭ་སྐལ་བཟང་ཆོས་དར་ལགས་རྒྱ་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་པར། ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་ལ། བཤད་གྲྭ་དེ་གའི་དགེ་འདུན་པ་ཡོངས་རྫོགས་ས་གནས་ཉེན་རྟོག་ལས་ཁུངས་སྒོ་ཁར་འཛོམས་ཏེ། འཛིན་བཟུང་བྱས་ཟིན་པའི་གྲྭ་བ་དེ་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག

རིམ་བཞིན་གྲྭ་བཙུན་དང་ས་གནས་མང་ཚོགས་ཇེ་མང་དུ་ཕྱིན་ཏེ། ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་སྐྱ་སེར་ ༦༠༠ ལྷག་འདུ་འཛོམས་ཀྱིས་སྐད་འབོད་ཤུགས་ཆེན་བརྒྱབ་ཡོད་འདུག་ལ། མཚན་དཀྱིལ་ཆུ་ཚོད་ ༡༢།༣༠ ཙམ་ལ་གལ་སྲིད་གྲྭ་བ་དེ་ཀློད་གྲོལ་མ་བཏང་ཚེ་གནས་ཚུལ་གང་ཞིག་བྱུང་ཡང་འགན་ཆ་ཚང་ཉེན་རྟོག་ཚན་པས་འཁུར་དགོས་ཚུལ་བརྗོད་སྐབས། རྒྱ་གཞུང་གིས་མི་སྣ་ཚོས་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་དེ་ཉེན་རྟོག་ཁང་ན་མེད་པར་ཁྲིན་ཏུའུ་ལ་འཁྱེར་ཚར་ཡོད་སྐོར་བརྗོད་ཡོད་འདུག

དེ་མིན་མི་མང་འདུ་འཛོམས་ཁྲོད་དགེ་འདུན་པ་ཞིག་དང་བཙུན་མ་ཞིག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡང་ཁོང་ཉིས་ལ་རྨས་སྐྱོན་ཇི་ལྟར་ཕོག་པའི་གནས་ཚུལ་ད་སྔ་ཁ་གསལ་མེད་པའི་གནས་ཚུལ་འབྱོར་སོང་།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།