choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་འབྲི་རུའི་རྩོམ་པ་པོ་གྲཌ་ཅན་ཞོགས་དྲིལ་འཇུ་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༩ཚེས་༡༣ཉིནསྤེལ། འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་ཤར་ཕྱོགས་མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཚུལ་ཁྲིམས་རྒྱལ་མཚན་ནམ་མྱུག་་མིང་ལ་ཞོགས་དྲིལ་དང༌། ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྫོང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་འདུག  

དེ་ཡང་གནས་ཚུལ་མཁོ་སྤྲོད་གནང་མཁན་ནས་འདི་གར་འགྲེལ་བརྗོད་གནང་བར་གཞིགས་ན། ༼སྤྱི་ཟླ༡༠པའི་ཚེས༡༡ཉིན་མཚན་མོ་ཆུ་ཚོད༡ཙམ་ལ་འབྲི་རུ་རྫོང་གི་ཉེན་རྟོག་མི་སྣ་ཁ་ཤས་གློ་བུར་དུ་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་དུ་སོང་སྟེ་ཞོགས་དྲིལ་སྡོད་ཁྱིམ་དུ་འཛུལ་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་དཀྲུག་ཤིང་བྱས་པ་སོགས་ཀྱི་ཉེས་མིང་བཙུགས་པ་མ་ཟད། ཉེ་ཆར་ནགས་ཤོད་འབྲི་རུ་རྫོང་མོ་བ་གྲོང་དང་སྨོན་ཁྱིམ་གྲོང༌།  ཟླ་ཐང་ཤང༌།  དེ་བཞིན་རྫོང་སློབ་གྲྭ  མི་དམངས་ཟས་བཅད་ནས་མཚན་ཉལ་ངོ་རྒོལ་བྱས་པ་སོགས་ཀྱི་དོན་རྐྱེན་དང་འབྲེལ་ནས་ཁོང་གིས་རྫོང་ཐོག་ཏུ་སྐད་ཆ་འདྲ་མིན་བཤད་ཡོད་པའི་ཉེས་པ་སོགས་བཀལ་ནས་དེ་མུར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང༌། ཁོང་གི་སྡོད་ཁང་ཕྱི་ནང་སྔོག་བཤེར་ནན་མོ་བྱས་པ་མ་ཟད།  དེ་བཞིན་ཁོང་གི་གློག་ཀླད་དང་ཁ་པར།   དཔེ་དེབ་ཅི་ཡོད་ཟླ་བསྒྲིལ་ནས་བཙན་འཁྱེར་བྱས་ཡོད་འདུག  དེའི་ཕྱི་ཉིན་སྔ་དྲོ་ཁོང་གི་གྲོགས་པོ་གཡུལ་རྒྱལ་ཡང་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་གློ་བུར་འཛིན་བཟུང་བྱས་ཡོད་འདུག  གཡུལ་རྒྱལ་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ཡང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ཀ་བྱས་པ་དང༌།  སྐད་ཆ་འདྲ་མིན་བཤད་ནས་སྤྱི་ཚོགས་བརྟན་ལྷིང་ལ་ཕུང་དཀྲུག་བྱས་པ་སོགས་ཀྱི་ཉེ་མིང་བཙུགས་ནས་འཛིན་བཟུང་བྱས་པ་ཡིན་འདུག  

ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་ཞོགས་དྲིལ་ནི།  ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་ལ།  རང་ལོ ༢༧ རེད། ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་འགྲིམས་པ་དང༌།  སྤྱི་ལོ ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲར་ཞུགས་ནས་ནང་ཆོས་གཙོས་པའི་བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་མཐའ་དག་ལ་སྦྱངས་པ་གང་ལེགས་བྱས།  སྤྱི་ལོ ༢༠༠༩  བར་སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང༌།  སྡེ་དགེ་ཞེ་ཆེན།  སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར།  ཨ་མདོ་རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲ་སྐོར་ལ་སོང༌ཡོད་པ་རེད།

སྤྱི་ལོ ༢༠༠༩  ལོ་མཇུག་ཏུ་སྐྱ་སར་བབས་ནས་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ཏེ་རྒྱ་ཡིག་གི་ལམ་ནས་རྩོམ་རིགས་སྐོར་ཆེད་སྦྱང་ལོ་བཞི་བྱས།  འདི་ལོའི་ཟླ་བ ༥ པའི་ནང་ནུབ་བྱང་མི་རིགས་སློབ་གླིང་ནས་ཁོང་དང་བཅས་སློབ་མ་ཁ་ཤས་དུས་རྒྱུན་སློབ་གྲའི་ནང་དུ་བགྲོ་གླེང་འདྲ་མིན་བསྐོངས་རྐྱེན།  རྒྱ་གཞུང་གིས་བགྲོ་གླེང་བརྗོད་བྱ་ཁྲིམས་འགལ་ཡིན་ཚུལ་སོགས་ཁ་དཀྲི་བསྙོན་འཛུགས་བྱས་ནས་སློབ་མཐར་ཕྱིན་པར་ཟླ་བ་ཁ་ཤས་ལས་མེད་ཀྱང་བཙན་པོ་བྱས་ནས་སློབ་གྲ་ནས་ཕྱིར་འབུད་བཏང༌།   ཟླ་བ ༦ པའི་ནང་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ལོག་ནས་ <<  མི་རབས་གསར་པའི་མགྲོན་ཁང  >>ཟེར་བ་ཞིག་བཙུགས་པ་དང༌།  ཞོར་དུ་སློན་གྲྭ་ལྟ་བུ་གཉེར་ནས་ཕ་ཡུལ་གྱི་ན་གཞོན་ཚོར་བོད་རྒྱ་ཡིག་རིགས་གཉིས་ནས་རིན་མེད་ངང་སློབ་ཁྲིད་བྱས་ནས་ཟླ་ཤས་སོང༌།

༢༠༠༧ ལོར་ཁོང་གིས  << ཁ་བ་ལ་འཁྲེང་བའི་དུང་སེམས་ཀྱི་ཅོང་སྒྲ  > དང <<  གངས་རིའི་ལས་དབང >> ཅེས་པའི་རྩོམ་དེབ་གཉིས་སྔ་ཕྱིར་པར་སྐྲུན་བྱས་རྗེས་རྒྱ་ཆེའི་ཀློག་པ་པོས་གདེང་འཇོག་གང་ལེགས་ཐོབ།  ༢༠༡༢ ནས་རིམ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོང་དང་སློབ་མ་ཁ་ཅིག་མཉམ་རོབ་ཀྱིས << མི་རབས་གསར་པ >>ཅེས་པའི་ལོ་དེབ་རྩོམ་སྒྲིག་བྱས་པ་དང༌།  ཁོང་ལོ་དེབ་དེའི་གཙོ་སྒྲིག་འགན་འཁུར་བླངས། ད་དུང་རྒྱ་ཡིག་གི་ལམ་ནས <<秀真博客 >>རྒྱ་ཡིག་པོད་ཁུག་ཞིག་ཀྱང་གཉེར་ཡོད་པ་རེད་ལ།  པོད་ཁུག་དེར་ལྷུག་རྩོམ་དང་སྙན་ངག  སྒྱུར་རྩོམ་བཅས་རྩོམ་ལུས་འདྲ་མིན་སྒོ་ནས་ཡིག་འཇོག་བྱས་ཡོད་པ་རེད་འདུག  
གཞན་ཡང་དྲ་གནས་http://xiuzheng.tibetcul.com/131613.html#253254 འདི་ནི་ཁོང་གི་དེ་སྔའི་རྒྱ་ཡིག་ཟིན་བྲིས་ཁ་བྱང་ཡིན་མོད་ད་ལྟ་ཁ་བརྒྱབས་ཚར་ཡོད་པ་རེད།

གཡུལ་རྒྱལ་ཕ་ཡུལ་ཡང་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་ཡིན་ལ།  རང་ལོ ༢༦ རེད།  གཡུལ་རྒྱལ་ཡང་ཆུང་དུས་ནས་གཤམ་ཆུ་ཤང་སློབ་ཆུང་དུ་འགྲིམ།༢༠༠༥ ལོར་རྫོག་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་བྱས་རྗེས།  ཁོང་གིས་རྫོང་ཉེན་རྟོག་ལས་ཁུངས་སུ་ལོ ༧ ལས་ཀ་བྱས་མོད།   ཉེན་རྟོག་པའི་ལས་ཀ་ནི་ཆབ་སྲིད་ཀྱི་ལས་ཀ་རྐྱང་རྐྱང་ཡིན་དུས།   ལས་ཀ་ཧ་ཅང་བྱེད་མི་བདེ་བའི་དབང་གིས༢༠༡༢ ལོར་ཁོང་རང་འགུལ་ངང་ལས་གནས་ལས་རྩ་དགོངས་ཞུས་ནས་རྫོང་ཐོག་ཏུ་ཚོང་ལས་གཉེར་སྐྱོང་བྱས་ནས་བསྡད། ཁོང་ཉེན་རྟོག་ལས་ཀ་བྱས་རིང་ཕ་ཡུལ་གྱི་མི་དམངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང༌། ཁོང་གི་བསམ་བློའི་ནང་དུ་ཆབ་སྲིད་ལྟ་བའི་ཐད་ཧ་ཅང་འགལ་འདུ་ཆེན་པོ་ཡོད་དུས། ལས་གནས་རང་འགུལ་ངང་གཡུགས་པ་ཞིག་ཡིན་འདུག   ཁོང་གི་འདུག་རོགས་མིང་ལ་ལྷ་སྐྱིད་སྒྲོལ་མ་དང༌།   ཕྲུ་གུ་གཉིས་ཡོད་པ་རེད་འདུག༽ ཅེས་གནས་ཚུལ་གསལ་འདུག

གནས་ཚུལ་མཁོ་གཏོང་བ།  ཤི་འདྲེ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།