choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་འབྲི་རུར་དམར་བསད་དང་བཙན་ཁྲིད་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠།༡༡ཉིན། བོད་ཁམས་ནག་ཆུ་འབྲི་རུ་མི་མང་ལ་མེ་མདའ་རྒྱབ་སྟེ་མི་གསུམ་དམར་བསད་བཏང་བ་དང་ཁ་ཤས་བཙན་ཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་འདུག

ཟླ་བ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནག་ཆུ་འབྲི་རུ་ཟླ་ཐང་ཕྱོགས་ཀྱི་མི་མང་གིས་རྒྱ་གཞུང་གི་བཙན་གནོན་ལ་མ་བཟོད་པར་ཞི་བའི་ངོ་རྒོལ་ཤུགས་ཆེ་བྱུང་བ་དང་། རྒྱ་གཞུང་དམག་མིས་མེ་མདའ་བརྒྱབ་ཏེ་མི་མང་པོར་རྨས་བསྐྱོན་བཏང་བ་དང་འཛིན་བཟུང་བྱས་པ་སོགས་ཛ་དྲག་གི་གནས་ཚུལ་རིམ་པར་ཐོན་ཡོད་ཅིང་། ཁ་སང་ཕྱི་ཟླ་བཅུ་པའི་ཚེས་༨་ ཉིན་སླར་ཡང་འབྲི་རུ་སེང་ཐང་ཤ་རི་ཁོག་དུ་མི་མང་གིས་ཡར་ལངས་ངོ་རྒོལ་བྱས་ཡོད་པ་དང་། དམག་མིས་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་ཤིང་མི་གསུམ་དམར་བསད་བཏང་འདུག དེའི་སྐོར་ལ་ཕ་ཡུལ་འབྲི་རུ་ནས་ཡིན་ཞིང་ད་ལྟ་ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་ལ་བཞུགས་པའི་བསམ་གྲུབ་ལགས་སུ་ས་གནས་ནས་འབྲེལ་ཡོད་འདྲ་པར་དང་གནས་ཚུལ་བཏང་འབྱོར་བྱུང་བ་དེ་རིང་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་སོང་།
ཕྱི་ཚེས་༢༩ ཉིན་ཟླ་ཐང་དུ་ངོ་རྒོལ་གྱེན་ལངས་སྐབས་དྲག་གནོན་བྱས་པའི་ཁྲོད་ཁྱོན་མི་༦༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པའི་ཁྲོད་ནས་མི་༡༧ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་འདུག

ཕྱོགས་མཚུངས་དམག་མིས་དྲག་གནོན་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོགས་ཏེ་ལྷ་ས་མི་མང་སྨན་ཁང་དུ་བསྐྱལ་ཡོད་པའི་ནད་པ་ཚོར་ལྟ་སྐྱོང་བྱེད་མཁན་བོད་མི་བཞི་སྨན་ཁང་ནས་བཙན་ཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་འདུག  ཆོས་འཛིན་ཟེར་བ་ཞིག་ཕྱི་ཚེས་༦་ཉིན་གར་སོང་ཆ་མེད་དུ་གྱུར་བ་དང་གཞན་ཡང་ཁ་སང་ཕྱི ཚེས་༨་ཉིན་མི་གཞན་གསུམ་ལ་ཡང་ཉེས་རྡུང་ཚད་མེད་བཏང་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འདིག་ག་གསར་ཁང་དུ་འབྱོར་བ་ལྟར་བཀོད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།