choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ནག་ཆུའི་མི་རྩིས་ལེན་རྩིས་སྤྲོད་བྱེད་པའི་གསང་བའི་བརྡ་ཐོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠།༡༡ཉིན་སྤེལ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གྲོང་ཁྱེར་གྱི་རྒྱ་ཆེ་གཏིང་ཟབ་ཀྱི་བདེ་འཇག་ལེགས་གྲུབ་ལག་བསྟར་ཡོང་བའི་ཚོགས་འདུའི་དགོངས་དོན་དང་ཉེན་རྟོག་ཡན་ལག་རུ་ཁག་མགོ་ཁྲིད་ཀྱི་བཀོད་འདོམས་བཞིན། ནང་ཁུལ་ཁ་པར་རམ་ཡང་ན་ཉེར་སྤྱོད་ཁ་པར་ཐོག་ནག་ཆུའི་ཤར་ཕྱོགས་རྫོང་གསུམ་གྱི་མི་སྣར་སྙན་ཞུ་སྤྲོད་པའི་གསང་བའི་བརྡ་ཐོ།


ལྷ་ས་གྲོང་ཁྱེར་ཉེན་རྟོག་བདེ་འཇག་ས་ཚུགས་ཁག་གི་ནག་ཆུའི་མི་སྣ་རྩིས་ལེན་རྩིས་སྤྲོད་བྱེད་སྟངས་སྐོར་གྱི་གསང་བའི་བརྡ་ཐོ། 


གྲོང་སྙིང་ས་ཁུལ་ནང་ཉེན་རྟོག་ས་ཚུགས་ཁག་ལ་སྒྲོགས་རྒྱུ།

གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གྲོང་ཁྱེར་གྱི་རྒྱ་ཆེ་གཏིང་ཟབ་ཀྱི་བདེ་འཇག་ལེགས་གྲུབ་ལག་བསྟར་ཡོང་བའི་ཚོགས་འདུའི་དགོངས་དོན་ལྟར། ཉེན་རྟོག་ཡན་ལག་རུ་ཁག་མགོ་ཁྲིད་ཀྱི་བཀོད་འདོམས་བཞིན། གྲོང་སྙིང་གི་སྤྱི་ཚོགས་སྔར་བཞིན་བདེ་འཇགས་ངང་གནས་པའི་ཆེད་དུ་ནང་ཁུལ་ཁ་པར་ཡང་ན་ཉེར་སྤྱོད་ཁ་པར་walkie-talkie ཐོག་ནག་ཆུའི་ཤར་ཕྱོགས་ཀྱི་རྫོང་གསུམ་གྱི་མི་སྣ་སྙན་ཞུ་སྤྲོད་པའི་གསང་བའི་བརྡ་ཚིག་དང་ཐབས་ཤེས་སྐོར་གྱི་བརྡ་ཐོ་གཤམ་གསལ།

གསང་བའི་བརྡ་ཚིག་བེད་སྤྱོད་བྱེད་སྟངས་ནི།

ནག་ཆུའི་བུ་ལ་གསང་བའི་བརྡ་ཚིག་ནི།  ༼སྐུ་མགྲོན་བུ༽
ནག་ཆུའི་བོུ་ལ་གསང་བའི་བརྡ་ཚིག་ནི།   ༼སྐུ་མགྲོན་བོུ༽

ནགས་ཤོད་འབྲི་རུ་རྫོང་ལ་གསང་བའི་བརྡ་ཚིག་ནི།   (  A ) ཨེ་ཆུས།
སོག་རྫོང་ལ་གསང་བའི་བརྡ་ཚིག་ནི།                   ( B ) སྦིས་ཆུས།
སྦྲ་ཆེན་རྫོང་ལ་གསང་བའི་བརྡ་ཚིག་ནི།                 ( C ) སིས་ཆུས།

དཔེར་ན། ཉེན་རྟོག་ས་ཚུགས་ཨང་89 ཡི་ནག་ཆུ་འབྲི་རུའི་བུ་གསུམ་ས་ཚུགས་ 91 ཡི་དོ་དམ་ས་ཁུལ་ནང་ལ་འཛུལ་བ་ཤེས་ཚེ་ནང་ཁུལ་ཁ་པར་ཡང་ན་ཉེར་སྤྱོད་ཁ་པར་walkie-talkie ཐོག་བརྗོད་སྟངས་འདི་ལྟར་སྟེ། ས་ཚུགས་91 ( A ) ཨེ་ཆུས་ སྐུ་མགྲོན་བུ་གསུམ་ཁྱོད་ཀྱི་དོ་དམ་ས་ཁུལ་ནང་འཛུལ་སོང་ཁྱོད་ཀྱི་སྣེ་ལེན་བྱེད་རོགས།

༼གཅིག༽

བར་སྐོར་ནང་ཁུལ་གྱི་ཉེན་རྟོག་ས་ཚུགས་ཁག་གི་བདེ་འཇག་ཞིབ་བཤེར་ས་ཚུགས་གི་རྩིས་སྤྲོད་བྱས་པའི་ནག་ཆུའི་མི་རྩིས་ལེན་བྱས་རྗེས། མྱུར་ཞིབ་ཟབ་པོ་བྱས་ནས་མི་དེ་ཚོའི་བྱ་སྤྱོད་ལ་རྗེས་འདེད་དང་ལྟ་རྟོགས་ནན་མོ་བྱེད་དགོས་པ་མ་ཚད། ས་ཁུལ་དེ་ནས་ཁ་བྲལ་དུས་ནང་ཁུལ་ཁ་པར་ཡང་ན་ཉེར་སྤྱོད་ཁ་པར་ཐོག་ནས་ཉེ་འཁོར་གྱི་ཉེན་རྟོགས་ས་ཚུགས་ལ་ངེས་པར་དུ་རྩིས་སྤྲོད་བྱེད་དགོས།

ཨང་དང་པོ་དང་གཉིས་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་89 གཙུག་ལག་ཁང་ཐང་ཆེན་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་གསུམ་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་92 ཤ་གསར་ཟུར་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་བཞི་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་93 བར་སྐོར་བྱང་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་ལྔ་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་94 ཚེ་རྟེན་ཁང་གསར་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་དྲུག་པ་དང་བདུན་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་95 བར་སྐོར་ཤར་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་བརྒྱད་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་96 བར་སྐོར་ལྷོ་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

ཨང་དགུ་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་སྙིང་ས་ཁུལ་ནང་དུ་འཛུལ་མཁན་གྱི་ནག་ཆུའི་མི་རྣམས་ཨང་97 གཙུག་ལག་ཁང་ལྷོ་སྒོའི་ཉེན་རྟོག་ས་ཚུགས་ཀྱི་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་རྒྱུ།

༼གཉིས༽

བར་སྐོར་ཕྱི་སྐོར་བདེ་འཇག་ཞིབ་བཤེར་ས་ཚུགས་ཀྱི་ཉེས་ཁུལ་ས་ཚུགས་ཀྱི་རྩིས་སྤྲོད་བྱས་པའི་ནག་ཆུའི་མི་རྣམས་རྩིས་ལེན་བྱས་རྗེས། མྱུར་ཞིབ་ཟབ་པོ་བྱས་ནས་མི་དེ་ཚོའི་བྱ་སྤྱོད་ལ་རྗེས་འདེད་དང་ལྟ་རྟོགས་ནན་པོ་བྱེད་དགོས་པ་མ་ཚད་ས་ཁུལ་དེ་ནས་ཁ་བྲལ་དུས་ནང་ཁུལ་ཁ་པར་ཡང་ན་ཉེར་སྤྱོད་ཁ་པར་ཐོག་ནས་ཉེ་ཁུལ་གྱི་ཉེན་རྟོག་ས་ཚུགས་ལ་ངེས་པར་དུ་རྩིས་སྤྲོད་བྱེད་དགོས།

༼གསུམ་པ༽

གོང་གི་གསང་བརྡ་རྣམས་ཉེར་སྤྱོད་ཁ་པར་འམ་walkie-talkie ནང་ནན་ཏན་ངང་བེད་སྤྱད་དགོས་པ་དང། མི་དེ་ཚོའི་བྱ་སྤྱོད་ལ་ཞིབ་དཔྱད་དང་ལྟ་རྟོགས་ནན་པོ་བྱེད་དགོས་པ་མ་ཟད་ལྷག་པར་དུ་དོགས་འཆར་ཡོད་པའི་མི་དེ་ཚོ་ལ་ངེས་པར་དུ་ཟབ་དགོས།

ལྷ་ས་གྲོང་སྙིང་ས་ཁུལ་བཀོད་འདོམས་པུའུ་ནས་2013/ 10/ 8 ཉིན་ནགས་ཤོད་འབྲི་རུ་བ་མིག་ཆུ་ནས།

རྒྱ་ཡིག་ནས་བོད་ཡིག་ལ་སྒྱུར་བ་ཡིན་སྒྱུར་མ་འགྲིག་པ་དང་ཡིག་ནོར་མང་བའི་དགོངས་དག

གསང་བའི་བརྡ་ཐོ་འདི་འདྲ་ཞིག་འདི་ག་གསར་ཁང་དུ་འབྱོར་བ་གོང་བཞིན་དུ།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།