choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཨ་དཀོན་རིན་པོ་ཆེ་སྐུ་བཀྲོངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣/༡༠/༠༩ཉིན་སྤེལ།
ཁ་སང་སྔ་དྲོར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་འདུས་སྡོད་ས་ཁུལ་ཞིག་ཏུ་རྒྱལ་སྤྱིའི་རོིགས་པ་ཚོགས་པའི་ཚོགས་གཙོ་ཨ་དཀོན་རིན་པོ་ཆེ་མཆོག་དང་ཁོང་གི་ཕྱག་རོགས་གཉིས་སྐུ་བཀྲོངས་ཡོད་པའི་གནས་ཚུལ་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༤༧ ཙམ་ལ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མི་འདུས་སྡོད་ས་ཁུལ་ཝུའུ་ཧོ་སི་རུ། བོད་ནང་སློབ་གསོ་ཡར་སྐུལ་གྱི་མཛད་པ་རྒྱ་ཆེར་སྐྱོང་མཁན་རྒྱལ་སྤྱིའི་རོགས་པ་ཚོགས་པའི་ཚོགས་གཙོ་ཨ་དཀོན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཚ་བོ་བློ་དགའ་ལགས། ཁ་ལོ་བ་འཇིགས་མེད་དབང་རྒྱལ་བཅས་ལ་གྲིས་བརྒྱབ་སྟེ་སྐུ་བཀྲོངས་ཡོད་འདུག

དམར་གསོད་ཀྱི་དོན་རྐྱེན་བྱུང་རྗེས། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཕ་ཡུལ་དགེ་སྡེ་ནས་ཡིན་པའི་བོད་མི་ཞིག་དང་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ནས་ཡིན་པའི་བོད་མི་གཉིས་བཅས་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་དེ་གསུམ་གྱིས་ལག་དམར་ཡིན་པ་ངོས་ལེན་བྱས་མེད་སྟབས། ད་ལྟའི་ཆར་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

ཨ་དཀོན་རིན་པོ་ཆེ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་ནི། ཆབ་མདོ་ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང་། ཡུམ་ཁ་ལུ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༤༠ ལོར་འཁྲུངས་ཤིང་། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་གིས་ཨ་དཀོན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། མཚན་ལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ་ཡོད་འདུག ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་སོགས་བྱང་ཆུབ་པར་སྦྱངས་ཤིང་། ཕྱིས་སུ་གྲུ་གུ་བསོད་སྙིང་སྤྲུལ་སྐུ་དང་འཛི་སྒར་ཀོང་སྤྲུལ། གྲུབ་ཆེན་ཀརྨ་ནོར་བུ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་གསན་བསམ་མཛད་ཡོད་འདུག

༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་རིས་མེད་གྲུབ་མཐའ་སྤྱི་ཡི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གྱི་ཐུགས་འགན་ལོ་ ༣ རིང་བཞེས་ཡོད། ཕྱི་ལོ་ ༡༩༦༣ ལོར་དབྱིན་ཡུལ་དུ་ཕེབས་ཏེ་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་བཀའ་བརྒྱུད་བསམ་ཡས་གླིང་ཕྱག་བཏབ། ༡༩༩༠ ལོ་ནས་བཟུང་བོད་ནང་གི་སློབ་གྲྭ་ཁག་ ༦༡ དང་། སྨན་ཁང་ ༡༩ ། རྒན་གསོ་ཁང་ ༣ ། བཤད་གྲྭ་ ༢༩ ། དབུལ་སྐྱོབ་ཁང་ ༥ ། རིག་དངོས་སྲུང་སྐྱོབ་ཁང་ ༣ ། སྨན་རྩྭ་འདེབས་འཛུགས་ཁང་ ༢ སོགས་གསར་འཛུགས་དང་རོགས་རམ་གནང་སྟེ། བོད་ཀྱི་སློབ་གསོ་དང་འཕྲོད་བསྟེན། དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་དུ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད་འདུག


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།