choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འབྲི་རུ་རྫོང་དུ་མི་བོར་བརླག་དང་སྨན་བཅོས་བྱེད་དུ་མི་འཇུག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠།༨ཉིན་སྤེལ།
ནག་ཆུ་འབྲི་རུ་རྫོང་དུ་་མི་ཟོག་ཁྱི་གསུམ་ལ་ཟས་ཁམ་ཅིག་ཙམ་དང་ཆུ་ཐིག་པ་ཙམ་ཡང་མེད་པར་རྒྱ་དམག་གི་དྲག་པོའི་བཙན་དབང་འོག་ལ་མི་༤༠ འཛིན་བཟུང་བྱས་པ་མ་ཚད། ནང་ལ་ཡོད་པའི་མི་དག་སྒོ་ཕྱིར་ཐོན་དུ་མ་བཅུག་པ་དང་། དུད་འགྲོ་སེམས་ཅན་རི་ལ་གཏོང་དུ་མ་བཅུག་པ། སྒོ་ཁྱི་ལའང་ལྟོ་སྟེར་དུ་མི་འཇུག་པ་སོགས་ཀྱི་དཀའ་ངལ་ལ་ཕྲད་བཞིན་འདུག

གསར་འགྱུར་དང་པོ།
ཟླ་༩ ཚེས་༣ ཉིན་ནག་ཆུ་འབྲི་རུ་རྫོང་དུ་ལྗོངས་ས་ཁུལ་ཁག་གི་གོ་སྒྲིག་བྱས་པའི་དམངས་་ཁྲོད་ ཆབ་སྲིད་དྲིལ་བསྒྲགས་ཚོགས་ཆུང་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཟློས་གར་འཁྲབ་སྟོན་སྐབས། བོད་ནི་རང་དབང་རང་བཙན་སྐད་འབོད་བྱེད་མཁན་འབྲི་རུ་རྫོང་ཚ་ཆུ་ཤང་གདོང་ལ་རུ་མདོའི་གྲོང་མི་ལོ་༦༨ ལ་སླེབས་པའི་རྒས་པོ་ཟླ་གཡང་ལ་རྒྱ་གཞུང་གིས་ལོ་གཉིས་དང་ཟླ་བ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགྱུར་གཉིས་པ།
ཟླ་༩ ཚེས་༢༨ཉིན་ནས་བཟུང་ཆུ་ཚོད་༤༨ རིང་འབྲི་རུ་རྫོང་མོ་བ་ཐང་གྲོང་ཚོའི་མི་ཟོག་ཁྱི་གསུམ་ལ་ཟས་ཁམ་ཅིག་ཙམ་དང་ཆུ་ཐིག་པ་ཙམ་ཡང་མེད་པར་རྒྱ་དམག་གི་དྲག་པོའི་བཙན་དབང་འོག་ལ་མི་༤༠ འཛིན་བཟུང་བྱས་པ་མ་ཚད། ནང་ལ་ཡོད་པའི་མི་དག་སྒོ་ཕྱིར་ཐོན་དུ་མ་བཅུག་པ་དང་། དུད་འགྲོ་སེམས་ཅན་རི་ལ་གཏོང་དུ་མ་བཅུག་པ། སྒོ་ཁྱི་ལའང་ལྟོ་སྟེར་དུ་མ་འཇུག་པར་མེ་མདའི་ཁ་གྲིས་ཁྱིམ་ཆས་ཡོངས་རྫོགས་བསྔོགས་ནས་ཐལ་ཟིང་ཕུང་སྦྱོར་གྱི་མི་སྤྱོད་དང་། རྒྱལ་ཁྲིམས་སོགས་གང་ལ་ཡང་མི་མཐུན་པའི་སྡུག་རྩུབ་ཀྱི་བྱ་ངན་དེ་དག་ལག་བསྟར་བྱས་ཡོད་འདུག

ཟླ་༩ ཚེས་ ༢༩ ཉིན་འཛིན་བཟུང་བྱས་པའི་མི་༤༠ ནང་ནས་མོ་བ་ཐང་ས་གནས་ཀྱི་ཕ་རྒྱལ་མཚན་དང་མ་དར་སྐྱིད་གཉིས་ཀྱི་བུ་ཚེ་རིང་རྒྱལ་མཚན་ལ་ཉེས་རྡུང་ཚད་མེད་བཏང་ནས། ཟླ་༡༠ ཚེས་༥ ཉིན་ལྷ་ས་མི་དམངས་སྨན་ཁང་གི་ཕྱི་བཅོས་ཚན་ཁག་ཐོག་བརྩེགས་ལྔ་པའི་ཉལ་ཁྲི་༡༨ སྟེང་དུ་འབྱོར་ཡོད་འདུག  
གནས་ཚུལ་མཁོ་སྤྲོད་པ་ཐར་པ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཟླ་༩ ཚེས་༢༩ ཉིན་ཉེས་རྡུང་བཏང་ནས་བཟུང་ཟླ་༡༠ ཚེས་༥ བར་དུ་སྨན་ཁང་དུ་བཏང་མི་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་དང་བོད་མིའི་ཚེ་སྲོག་ལ་མཐོང་ཆུང་བྱས་ ནས་བོད་མི་རྣམས་ནི་སྲོག་མེད་བེམ་པོ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། མིར་ངོས་འཛིན་བྱེད་ཀྱི་མེད་པ་གསལ་པོ་རེད། ཉེན་རྟོག་པས་ལོ་༢༥ ཡིན་པའི་ཚེ་རིང་རྒྱལ་མཚན་ནི་མི་སྣ་གཙོ་བོར་ངེས་བཟུང་ནས། ཉེས་རྡུང་ཚད་མེད་བཏང་ བས་གཅིན་པ་དང་བཙོག་པ་ཚང་མ་ཁྲག་ལ་འདྲེས་ཤིང་། ཤི་གསོན་ཧ་མི་གོ་བའི་གནས་སུ་གྱུར་ཏེ་ ལྷ་སའི་མི་དམངས་སྨན་ཁང་དུ་ཡོད་པ་དང་། སྨན་པ་ཚོའི་ཕྱི་ནད་རེད་ཟེར་ནས་ནང་ནད་གང་ཡོད་པ་རྣམས་གསལ་བཤད་མི་བྱེད་པ་མ་ཚད། དེ་ཙམ་གྱི་དོ་སྣང་དང་རོགས་རམ་མཐུན་འགྱུར་བྱེད་ཕོད་ཀྱི་མི་འདུག་”ཅེས་བརྗོད་ཡོད་འདུག

ཟླ་༩ ཚེས་༢༩ཉིན་ཚ་ཆུ་ཤང་ནས་སྟག་ལྷས་གྲོང་ཚོའི་སྤུན་ཟླ་ཉི་ཤུ་ཙམ་དང་དེ་བཞིན་བ་རོ་གྲོང་། ལ་འོག་གྲོང་། ཀོ་ན་གྲོང་། བ་ལག་སོགས་ཀྱིས་གྲོང་མི་མང་པོ་ཞིག་མོ་བ་གྲོང་ལ་སོང་ནས། དམར་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་བཅས་ལ་བཙོན་ཁང་དུ་ཡོད་པའི་བོད་མི་ རྣམས་གློད་གྲོལ་གཏོང་དགོས་པའི་རེ་ཞུ་ཕུལ་ཡང་།  རེ་ཞུ་དེར་ཉན་རྒྱུ་ཕར་གཞག་ནས་མི་དེ་ཚོར་ཉེས་རྡུང་དང་གནར་གཅོད་ཚད་མེད་བཏང་ཡོད་འདུག ད་ལྟའི་གནས་སྐབས་སུ་ཉེས་རྡུང་ཕོགས་པའི་ནད་པ་བརྒྱ་མ་ཟིན་ཙམ་ཞིག་དང་དེ་ཚོ་ཚང་མ་སྨན་བཅོས་ཀྱི་གོ་སྐབས་ཕར་བཞག་ནས་རང་གི་ཁང་པའི་སྒོ་ཕྱི་ནང་ལ་ཡང་འགྲོ་དབང་མེད་པ་གྱུར་ཡོད་འདུག

གསར་འགྱུར་གསུམ་པ།

གནས་ཚུལ་མཁོ་སྤྲོད་པ་ཐར་པ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཟླ་༡༠ ཚེས་༣ ཉིན་ལ་འབྲི་རུ་རྫོང་ཟླ་ཐང་ཤང་གཡང་ཐང་གྲོང་ཚོ་བཞི་པ་ནས་ཡིན་པའི་བུ་རྡོ་རྗེ་གྲགས་རྩལ་ཟེར་བ་དེ་གཡང་ཐང་ནས་ནག་ཆུ་ལ་རོགས་པ་འགའ་དང་མཉམ་དུ་ཡོང་བ་དང་། དེའི་དགོང་མོ་ལ་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་དེ་སྔོན་དུས་ཡུན་རིང་པོའི་ནང་དྲང་བདེན་དང་རང་དབང་ལ་འཐབ་རྩོད་མང་པོ་བྱས་པའི་རྐྱེན་བྱས་ནས་བཅའ་སྡོད་ལས་བྱེད་ཚོས་ལྐོག་སྙན་ཕུལ་ཏེ་འཛིན་བཟུང་བྱས་པ་ཞིག་རེད་འདུག

དེར་རྟེན་ཚེས་༦ ཉིན་ཡུལ་མི་རྣམས་ཀྱི་གློད་གྲོལ་གཏོང་དགོས་པའི་འབོད་བསྐུལ་བྱས་པར་བརྟེན། རྒྱ་དམར་གྱི་དམག་མི་སུམ་བརྒྱ་ཙམ་གྱིས་མི་ཆེ་ཆུང་མེད་པ་དང་ལོ་ན་རྒན་གཞོན་མེད་པར་ཡོད་ཚད་ཉེས་རྡུང་དྲག་པོ་གཏོང་ནས་མི་གྲངས་༦༠ ཙམ་ཞིག་ལ་ཚབ་ཆེའི་རྨས་སྐྱོན་ཕོག་ཡོད་འདུག

དེ་བཞིན་མེ་འདའ་བརྒྱབ་ནས་བཀྲ་རྒྱལ་གྱི་བརླ་རྐང་རུས་པ་བཅག་པའི་དབང་གིས་ཟུང་ཁྲག་ཚད་མེད་བཞུར་བ་དང་ཚེ་དབང་གི་འགྲམ་རུས་གཉིས་ཀ་བཅག་པ་བཅས་ཚེ་སྲོག་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་པས། ཚེས་༧ དགོང་མོ་ལྷ་སའི་སྨན་ཁང་ཞིག་ལ་ཁྱེར་ཡོད་འདུག

ད་དུང་ཉེན་ཁ་ཆེན་པོ་ཡོད་པའི་ནད་པ་བློ་བཟང་དབང་ཆེན་དང་། དཔའ་རྡོར་དགྲ་ལྷའི་བུ་གཉིས་སོགས་གཙོས་པའི་མི་མང་པོ་ལ་རྨས་སྐྱོན་ཚབ་ཆེན་བྱུང་བ་མ་ཟད། དུག་རླངས་བཏང་ནས་མི་མང་པོ་ཞིག་དྲན་མེད་དུ་རྒྱལ་བའི་གནས་ཚུལ་བྱུང་འདུག དེ་མིན་མུ་མཐུད་ནས་གནས་ཚུལ་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཁ་པར་དང་དྲྭ་ལམ་ཚང་མ་བཀག་ཟིན་པས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡོད་འདུག

ཚེས་༦ དགོང་མོ་ནས་བཟུང་ལྷ་ས་དང་ནག་ཆུ་ལ་ཡོད་པའི་འབྲི་རུའི་མི་རྣམས་འབྲི་རུ་ལ་ལོག་མི་ཆོག་པའི་སྲིད་གཞུང་གི་བཀའ་རྒྱ་བཀྲམ་པ། ནད་པ་མང་པོ་ཞིག་སྨན་བཅོས་བྱེད་མི་ཆོག་པའི་བཀག་འགོག་དང་། འབྲི་རུ་མོ་བ་ཐང་གི་ནད་པ་ཚེ་རིང་རྒྱལ་མཚན་ལ་ལྷ་སའི་མི་དམངས་སྨན་ཁང་དུ་ལྟ་བར་འགྲོ་མཁན་ནང་གི་འབྲི་རུ་ཚ་ཆུ་ཨུ་ཐང་གྲོང་གི་གྲོང་མི་ཆོས་འཛིན་གར་སོང་ཆ་མེད་དུ་ཕྱིན་འདུག་ཟེར་ནས་ལྷ་ས་ནས་ཁ་པར་འབྱོར་བྱུང་། ཆོས་འཛིན་ཁོང་རང་གི་རོགས་པས་བཤད་པ་ལྟར་ན་ཐོག་མར་མི་དམངས་སྨན་ཁང་ནས་མཉམ་དུ་ཡོད་པ་དང་སྔ་རྗེས་ཏོག་ཙམ་ཤོར་བ་དང་བརླག་སོང་ཡོད་པའི་གསར་འགྱུར་འབྱོར་སོང་།


གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།