choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འབྲི་རུ་རྫོང་དུ་ཡ་ང་བའི་དོན་རྐྱེན་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣།༡༠།༠༢ཉིན་སྤེལ། སྤྱི་ཟླ་༩ཚེས་༢༧ཉིན་རྒྱ་ནག་དམར་པོས་བོད་རང་སྐྱོང་ཟེར་བའི་ལས་འགུལ་གསར་པ་ཞིག་སྤེལ་ཏེ། དུད་ཚང་ཡོངས་དང་དགོན་པ་ཁག་ཀུན་གྱིས་དར་དམར་ཞོགས་པ་སྔ་མོ་ནས་ཡར་སྒྲོན་དགོས་པ་དང་དགོང་མོ་མར་ཉར་ཚག་བྱེད་དགོས་པ། གལ་སྲིད་དེ་ལྟར་མ་བྱས་ན། ཁྱོད་ཚོའི་བུ་ཕྲུག་རྒྱལ་ཁབ་ཀྱི་སློབ་གྲྭར་གཏོང་མི་ཆོག་པ་དང་ནད་པ་སྨན་ཁང་དུ་སྟེན་མི་ཆོག་པ། དབྱར་རྩྭ་དགུན་འབུའང་བརྐོ་མི་ཆོག་ཞེས་བཙན་བཀའ་བཏང་འདུག་པ་གྲོང་པ་དང་ཉེན་རྟོག་པའི་བར་འཁྲུགས་འཛིང་ཤོར་ཡོད་འདུག

བོད་བྱང་ཤར་ཁམས་སྟོད་ནགས་ཤོད་འབྲི་རུའི་ཡུལ་དུ་སྤྱི་ཟླ་༩ཚེས་༢༧ཉིན་རྒྱ་ནག་དམར་པོའི་རྒྱུགས་ཁྱི་པ་བོད་རང་སྐྱོང་ཟེར་བའི་ལས་འགུལ་གསར་པ་ཞིག་སྤེལ་ཏེ། དུད་ཚང་ཡོངས་དང་དགོན་པ་ཁག་ཀུན་གྱིས་དར་དམར་ཞོགས་པ་སྔ་མོ་ནས་ཡར་སྒྲོན་དགོས་པ་དང་དགོང་མོ་མར་ཉར་ཚག་བྱེད་དགོས་པར་མ་ཟད། འགན་ཁྲིའང་ཆེན་པོ་ཡོད་གལ་སྲིད་དེ་ལྟར་མ་བྱས་ན། ཁྱོད་ཚོའི་བུ་ཕྲུག་རྒྱལ་ཁབ་ཀྱི་སློབ་གྲྭར་གཏོང་མི་ཆོག་པ་དང་ནད་པ་སྨན་ཁང་དུ་སྟེན་མི་ཆོག་པ། དབྱར་རྩྭ་དགུན་འབུའང་བརྐོ་མི་ཆོག་ཞེས་བཙན་བཀའ་ཕབས་འདུག་པས། དེ་ལྟར་དུ་གྲོང་པ་ཚོས་དང་དུ་མ་བླངས་བས་ལས་དོན་དང་ཉེན་རྟོག་པ་དག་དང་གྲོང་མིའི་བར་ལ་འཁྲུགས་པ་ཆེ་ཙམ་ཤོར་བའི་རྗེས་སུ་དམག་དཔུང་མང་པོ་འབྱོར་ནས་གྲོང་མི་མང་དག་བཙན་འཁྲིད་བྱས་ཡོད་འདུག

དེར་བརྟེན་བོད་མི་བརྒྱད་བརྒྱ་ཙམ་མདང་དགོང་རྫོང་སྲིད་གཞུང་སྒོ་ཁ་དང་ཁྲོམ་ལམ་ལ་ཉལ་ནས་བོད་མི་བཙན་འཁྲིད་བྱས་པ་དག་གཏོང་དགོས་པའི་འབོད་བསྐུལ་བཏང་བ་དང་། ནམ་གསལ་མ་ཐག་དམག་འཁོར་བཞི་བཅུ་ལྷག་སླེབས་ནས་ཡར་མར་མི་གཅིག་ཀྱང་མི་གཏོང་བར་ཡོད་འདུག

ལྷག་ཏུ་མོ་བ་གྲོང་དུ་དམག་སྒར་བརྒྱབ་ནས་དུད་རེའི་སྒོ་ཁར་དམག་མི་བདུན་རེ་ནམ་ཉིན་མཚན་མེད་པར་ལངས་ནས་མི་གཅིག་ཀྱང་སྒོ་ཁར་དོན་མི་བཅུག་བ་དང་། ཟོག་ལས་ལས་མི་བཅུག་པ། གྲོང་དེར་མི་སུ་སོང་ཡང་འཛིན་རྐྱང་བྱེད་བཞིན་བཙན་མནོན་ཡ་ང་བའི་འོག་ཏུ་གནས་ཡོད་འདུག ཡུལ་འདིའི་མི་ཀུན་བློ་མཐུན་པའི་ངང་ནས་རྫོང་སློབ་ཆུང་གི་སློབ་ཕྲུག་ཀུན་ཕྱིར་འཐེན་བྱས་ཏེ་ད་སྐབས་སློབ་གྲྭར་འགྲོ་མཁན་མེད་ནས་ཉིན་གཉིས་སོང་ཡོད་འདུག་པ་འདི་ག་གསར་ལམ་དུ་འབྱོར་སོང་།


གསར་འགོད་པ།  ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།