choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྒྱ་དམར་གྱིས་བོད་མི་ཞི་རྒོལ་བ་གསུམ་རྐྱེན་ལམ་དུ་བརྫངས་པར་ཁས་ལེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༨ཉིན་སྤེལ། སྔ་ལོ་ཟླ་༣ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ནང་ཞུགས་རྗེས་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་སོགས་ནས་མེ་མདའ་གང་བྱུང་བརྒྱབ་སྟེ་བོད་མི་མང་པོ་དམར་གསོད་བཏང་བ་དང༌། མི་ཉུང་བ་ཞིག་བཙོན་འཇུག་བྱས་ཏེ་ད་ལྟ་དུས་བཀག་ལོ་ཚད་བཟོས་དང་བཟོ་བཞིན་ཡོད་པ་ལྟར། ལྷ་སའི་ཉེ་འཁོར་གནས་སྡོད་རྫོང་ཁག་གི་ན་གཞོན་མང་པོ་ཞིག་ལྷ་སའི་ནང་འཚོ་ཐབས་ཆེད་ལས་ཀ་ཙག་ཙིག་བྱེད་བཞིན་ཡོད་པ་མང་དག་ཞིག་ཀྱང་མཐོང་རྒྱུ་མེད་པར་གྱུར་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། འབྲེལ་ཡོད་ཕ་མ་སྤུན་མཆེད་ནས་བཙོན་ཁང་གང་སར་བཙལ་ཀྱང་རྙེད་སོན་ཡོང་གི་མེད་པར་བརྟེན། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁོངས་སྙེ་མོ་རྫོང་གཡག་སྡེ་ཁུལ་ནས་ཡིན་པའི་ཕ་མ་ཁག་གཅིག་ནས་ཁོང་ཚོའི་ཕྲུ་གུ་རྫོང་འབྲེལ་ཡོད་ལས་ཁུངས་བརྒྱུད་རྩད་གཅོད་བྱས་པར། རྫོང་འབྲེལ་ཡོད་ལས་ཁུངས་ནས་རྩད་ཞིབ་རྗེས་གཞོན་སྐྱེས་དེ་དག་སྔ་ལོ་ཁ་བྲལ་གྱི་བྱ་བ་བྱས་རྐྱེན་འདས་གྲོངས་སོང་ཟིན་པའི་གསལ་བཤད་བྱས་ཡོད།འདས་གྲོངས་སོང་བའི་གཞོན་སྐྱེས་གསུམ་པོ་ནི།

རྒྱལ་མཚན། རང་ལོ་༢༨ཙམ། སྙེ་མོ་རྫོང་གཡག་སྡེ་གྲོང་སྟོད། ཕུན་ཚོགས་ཚེ་རིང༌། རང་ལོ་༢༠ལྷག་ཙམ། སྙེ་མོ་རྫོང་གཡག་སྡེ་ཀླུ་བདེ། མི་འགྱུར། རང་ལོ་༢༠ལྷག་ཙམ། སྙེ་མོ་རྫོང་གཡག་སྡེ་ཁང་གསར། བཅས་གོང་གསལ་ཁོང་གསུམ་པོ་ནི་དེ་སྔ་ལྷ་སའི་ནང་ལས་རིགས་ཙག་ཙིག་བྱས་ཏེ་འཚོ་བ་འཚོལ་མཁན་ཤ་སྟག་ཡིན་པའི་གནས་ཚུལ་ཐོན་འདུག།

བཙན་བྱོལ་བོད་གཞུང་དྲ་ཚིགས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།