དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ར་རྒྱ་དགོན་གྲོང་གཉིས་ཀྱི་བོད་མི་༨ལ་ཁྲིམས་ཆད་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས་༡༤ཉིན་སྤེལ། ༄༅།ཕྱི་ལོ་༢༠༠༩ཟླ་༨ཚེས་༡༣ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་ནས་དགེ་འདུན་པ་དྲུག་དང༌།མི་སྐྱ་གཉིས་ལ་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་པ་རེད།

  གནས་ཚུལ་འདིའི་འབྱུང་རྐྱེན་གཙོ་བོ་ནི་འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་ར་རྒྱ་དགོན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ཡིག་ཆ་སྦྱར་འགྲེམས་བྱས་པའི་གནས་ཚུལ་ཐོན་རྗེས་གྲྭ་བཀྲིས་བཟང་པོ་ཞུ་བ་ཞིག་རྨ་ཆུའི་ནང་མཆོངས་ཏེ་རང་སྲོག་བཅད་དགོས་བྱུང་བའི་གནས་ཚུལ་ཐོན་་ལྟར་རྫོང་ཉེན་རྟོག་པས་དགེ་འདུན་པ་བཀྲིས་བཟང་པོ་དང་དགེ་འདུན་པ་ཁག་གཅིག་འཛིན་བཟུང་གིས་ཚ་འདྲི་བྱས་ཡོད་པ་དང༌།ཟླ་༣ཚེས་༢༡ཉིན་དགེ་འདུན་པ་བཀྲིས་བཟང་པོས་ས་གནས་སྤྱི་བདེ་ཉེན་རྟོག་པར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་ལས་འགུལ་སྤེལ་མཁན་ང་རང་ཡིན་པས་ཁོང་ཚོ་གློད་བཀྲོལ་གཏོང་དགོས་བཤད་རྐྱེན་དགེ་འདུན་པ་གཞན་ཚོ་གློད་བཀྲོལ་བཏང་ཡོད་ཀྱང༌།དེ་རྗེས་བཀྲིས་བཟང་པོ་ལགས་དཀའ་སྡུག་མ་བཟོད་པར་ཕྱི་ལོགས་སུ་བྲོས་ནས་ཚེས་༢༡ཕྱི་དྲོ་རྨ་ཆུའི་ནང་མཆོངས་ཏེ་རང་སྲོག་བཅད་ཡོད་པ་རེད།གནས་ཚུལ་དེས་རྐྱེན་པས་ར་རྒྱ་དགོན་གྱི་དགེ་འདུན་པས་སྣེ་ཁྲིད་པའི་མི་མང་ཧ་ཅང་མང་པོས་ས་གནས་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་འདུག་པ་ལྟར།ཚེས་༢༢ཉིན་ར་རྒྱ་དགོན་པའི་ཚོགས་ཆེན་དགེ་བསྐོས་དགེ་སློང་དཔལ་ལྡན་རྒྱ་མཚོ་གཙོས་དགེ་འདུན་པ་བརྒྱ་མ་ཟིན་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

  ད་ལྟ་གོང་གསལ་འཛིན་བཟུང་བྱས་པའི་ཁྲོད་ནས་དུས་བཀག་བཙོན་འཇུག་བཟོས་པ་སྟེ།

ཚོགས་ཆེན་དགེ་བསྐོས་དཔལ་ལྡན་རྒྱ་མཚོ།དུས་བཀག་བཙོན་འཇུག་ལོ་༧གད་པ་གསུམ་མདོ་རྫོང་མགར་རྩེ་གོང་མ་ནས་ཡིན་ཅིང༌།རང་ལོ་༤༠ཙམ།

དུས་འཁོར་དགེ་བསྐོས་ཟུར་པ་ཚུལ་ཁྲིམས།དུས་བཀག་བཙོན་འཇུག་ལོ་༤གད་པ་གསུམ་མདོ་རྫོང་མགར་རྩེ་ཞོལ་མ་ནས་ཡིན་ཅིང༌།དེ་སྔ་དུས་འཁོར་གྲྭ་ཚང་གི་དབུ་མཛད།

གྲྭ་བཟོད་པ་བཟང་པོ།དུས་བཀག་བཙོན་འཇུག་ལོ་༣གད་པ་གསུམ་མདོ་རྫོང་མགར་རྩེ་གོང་མ་ནས་ཡིན་ཅིང༌།དེ་སྔ་གངས་ལྗོངས་སྤྲི་ཕྱུར་བཟོ་གྲྭའི་སྤྱི་གཉེར་དང༌།དེང་སྐབས་ར་རྒྱ་དགོན་པའི་ཕྱག་མཛོད་ལས་ཐོག

གྲྭ་འཇམ་དབྱངས་མཁས་གྲུབ།དུས་བཀག་བཙོན་འཇུག་ལོ་༢རྨ་ཆེན་རྫོང་ཆུ་བ་སྡེ་བ་ནས་ཡིན་ཅིང༌།རང་ལོ་༢༨ཙམ།ར་རྒྱ་དགོན་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག

གྲྭ་དགེ་འདུན་ར་ལོ།དུས་བཀག་བཙོན་འཇུག་ལོ་༡གད་པ་གསུམ་མདོ་མགར་རྩེ་ཞོལ་མ་ནས་ཡིན་ཅིང༌།དུས་འཁོར་གྲྭ་ཚང་གི་གྲྭ།

གྲྭ་ཤེས་རབ་བཟང་པོ།དུས་བཀག་བཙོན་འཇུག་ལོ་༢གད་པ་གསུམ་མདོ་རྫོང་མགར་རྩེ་ཞོལ་མ་ནས་ཡིན་ཅིང༌།རང་ལོ་༢༧དུས་འཁོར་གྲྭ་ཚང་གི་གྲྭ། རྒྱ་བཟའ་སྡེ་བ།མི་སྐྱ།

དབྱངས་སྐྱབས།དུས་བཀག་བཙོན་འཇུག་ཟླ་དྲུགརྒྱ་བཟའ་སྡེ་བ།མི་སྐྱ། བཅས་གོང་གསལ་ཁག་ལ་ཁྲིམས་ཐག་གཅོད་སྐབས་མཚོ་སྔོན་ཞིང་ཆེན་ཁྲིམས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་དང༌།ཞིང་ཆེན་གྱི་ཁྲིམས་རྩོད་པ་གསུམ།མགོ་ལོག་ཁུལ་གྱི་ཁྲིམས་རྩོད་པ་བཞི་བཅས་ཁྲིམས་ཐོག་ཏུ་སླེབས་ཡོད་པའི་གནས་ཚུལ་འདུག་ཅིང༌།གོང་གསལ་ཁྲིམས་ཐག་བཅད་པ་དེ་དག་ལ་འདོད་མོས་མེད་ཚེ་ཉིན་གྲངས་༡༠ནང་ཚུན་དུ་ཞུ་གཏུགས་བྱ་ཆོག་པའི་ཐོབ་ཐང་ཡོད་པའི་གསལ་བསྒྲགས་བྱས་ཡོད་འདུག་ལ།ཁྲིམས་རའི་ཐོག་ཁོ་པ་ཚོས་ཆེད་དུ་བསྐོང་བའི་མི་གྲངས་གང་འཚམས་ཤིག་ཀྱང་སླེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་འདུག

  དེ་མིན་དེ་སྔ་ཁོང་ཚོ་མཉམ་འཛིན་བཟུང་བྱས་པའི་དུས་འཁོར་གྲྭ་ཚང་གི་གྲྭ་བློ་བཟང་དར་རྒྱས་དང༌།མན་ངག་རྡོ་རྗེ་གཉིས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག

བཙན་བྱོལ་བོད་གཞུང་དྲ་ཚིགས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།