choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རིན་པོ་ཆེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཆེད་དུ་ཞུ་འབུལ་བྱེད་དུ་རྒྱལ་ས་པེ་ཅན་ལ་མི་བཞི་སོང་ཡོད་པ་རེད། མི་བཞི་ནི་ལི་ཐང་ཨོ་ཐོག་སོག་རང་བློ་ རིས། ལུག་རྫིའི་ཨ་རྦེ་གཉིས་དང་། མགོ་ལོག་སྟོད་པ་ལྷ་མ་ཆོས་འགྲུག་ཟེར་བ་དང་། ཉག་ཆུ་སྨད་ཕྱོགས་འདུས་འཕྲིན་ལས་ཟེར་བ་བཞི་རེད། ཁོང་བཞིས་སྙན་ཞུས་ཡིག་ཆ་ཁྱེར་ནས(2013=7=9 ་སྤྱི་ཚེས་དགུའི་ཉིན་པེ་ཅན་ལ་སོང་ཡོད ལ། པེ་ཅན་དུ་ཉིན་གྲངས་བརྒྱད་ཙམ་ལ་ ཡིག་ཆ་ཡར་མར་ལས་ཁུངས་ཁག་ཏུ་ཕུལ་ཐུབ་པ་བྱུང་ཡོད་ནའང་ཉག་ཆུ་རྫོང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་སྟེ་དེ་མ་ཐག་ཁོ་ཚོར་རྗེས་འདེད་ཀྱིས་པེ་ཅན་དུ་སོང་ནས་ཁོང་རྣམས་ཕྱིར་གཙན་ཁྲིད་ཀྱིས་ད་ཆ་ཉག་རྫོང་གི་ཉེ་འདབས་ག་ར་ཟེར་བའི་ལུང་པ་དེའི་བརྩོན་ཁང་ཞིག་ཏུ་(2013=7=20=དགོངས་མོར་བཙོནའཇུག་བྱས་འདུག ཁོང་རྣམས་ཀྱི་ཡིག་ཆའི་ནང་དོན་ནི་མདོར་བསྡུས་ན་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིུན་བདེ་ལེགས་རིན་པོ་ཆེ་ལ་འཇིགས་སྐུར་རང་ལུགས་པའི་ནག་ཉེས་ཟེར་བ་ཞིག་གཏན་ནས་མེད་པར་ངེད་མང་ཚོགས་སུམ་ཁྲི་ལྷག་གིས་ཁག་ཐག་འགེན་ལེན་བྱས་ནས་ལོ་མང་སོང་བ་མ་ཟད་འོག་རིམ་དུ་བདེ་སྡུག་མང་པོ་ཞུས་ཡོད་ཀྱང་། ཕན་པ་གང་ཡང་མ་བྱུང་བར་མ་ཉེས་ཁག་གཡོག་གིས་འཛིན་བཟུང་བརྩོན་བཅུག་བྱས་ནས་ད་ཆ་ལོ་ངོ་བཅུ་གཅིག་ལྷག་ཙམ་འགོྲ་ཟིན་ཡོད། འདི་སྔོན་ཐེངས་་འགར་ཁོང་གི་གཉེན་ཉེ་འགའ་ཐུགས་འཕྲད་ཅུང་རེ་བྱེད་དུ་འཇུག་དུས་སྙིང་རླུང་གི་ནད་ཚ་བཞེས་ཡོད་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་རྒྱལ་ཁབ་ཀྱིས་འཆམ་འཐུན་དགོས་ཟེར་བ་ལྟར་འཆམ་འཐུན་ཡག་པོ་ཞིག་ཡོང་དགོས་ན་མི་མང་གིས་གང་ལ་བརིྩ་བསྐུལ་ཞུ་སའི་གནས་ལ་འདི འདྲའི་མ་ཉེ་ཁག་གཡོག་འབའ་ཞིག་ བྱས་ན་འཆམ་འཐུན་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད། རྒྱལ་ཁབ་ཅིག་ལ་མཚོན་ན་རྒྱལ་དམངས་བར་གྱི་འབྲེལ་བ་འདི་ཧ་ཅིང་གལ་ཆེ་ལ་དེ་ནི་ཕན་ཚུན་བར་ལ་ཡིད་ཆེ་བློས་འགེལ་དང་བརྩི་བསྐུལ་ཡོད་མེད་ལ་རག་ལས་ཡོད། རིམ་པ་འོག་ཀྲུའུ་དང་རྫོང་མན་ཆད་ཀྱི་ལས་བྱེད་དག་གིས་རང་གི་གོ་གནས་ཁོ་ནའི་ཆེད་དུ། རིམ་པ་གོང་མར་རྟགས་དཔྱད་གང་ཡང་མེད་པར་རྫུན་ཞུས་ཤ་རྟག་བྱས་པས་རྒྱལ་དམངས་བར་གྱི་འབྲེལ་ བའི་ཟམ་ཆེན་ལ། གཏོར་བླགས་ཚད་མེད་བཏང་ཡོད་པ་ནི་ངེས་པར་ཤེས་དགོས་པའི། གནད་དོན་གལ་ཆེན་ཞིག་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ཡིན། ད་ཆ་འདི་འདྲ་བའི་གནས་ཚུལ་ཆེ་རྙོགས་འཛེངས་ཅན་ཞིགཏུ་མི་འགྲོ་ཐབས་མེད་ལྟ་བུ་ཞིག་ཆགས་སོང་པ་རེད། བྱེད་སྟེང་འདི་འདྲ་བ་དག་གིས་ང་ཚོའི་མི་མང་གི་ སེམས་སུ་སྡུག་བསྔལ་ཚད་མེད་ཀྱིས་རྨ་ཁ་ཆེན་པོ་ ཞིག་བཟོས་ཡོད་པ་མ་ཟད། རླབས་ཆེ་བའི་མེས་རྒྱལ་དང་མི་དམངས་བར་གྱི་འབྲེལ་ལམ་ལའང་གནོན་སྐྱོན་ཆེན་པོ་བཟོས་ཡོད་ པས་རྒྱལ་ཁབ་ལ་གནོད་པ་ནི་བཤད་ག་ལ་དགོས། ་ང་ཚོས་ནི་ཁོང་གི་མཛད་པ་དེ་དག་གིས་རང་རེ་ རྒྱལ་ཁབ་དང་མི་རིགས་ལ་ཧ་ཅིང་ཕན་ཐོག་ཆེན་པོ་ཞིག་ཏུ་ངོས་འཛིན་ལས་གནོད་ཀྱི་ཡོད་པ་ཞིག་གཏན་ནས་མཐོང་གི་མེད། དཔེར་ན་ཁོང་གིས་འཁོར་ཡུག་སྲུང་སྐྱབས་གནང་བ་དང་། སློབ་གྲ་དང་སྨན་ཁང་བརྒྱབས་པ རྐུན་ཇག་མེད་པར་བཟོས་པ། གྱོད་གཞི་འདུམས་འགྲིགས་གནང་བ་འདི་དག་རྒྱལ་ཁབ་ཀྱི་བདེ་འཇག་སོགས་ལ་ཧ་ཅིང་ཕན་པ་ཞིག་ལས་རྒྱལ་ཁབ་ཁ་བྲལ་གྱི་བྱ་བ་ཞིག་ཅི་ལ་ཡིན་བསམ་གྱིས་ཡོད་མོད། འོན་ཀྱང་འོག་རིམ་གྱི་མགོ་ཁྲིད་ཁ་ཤས་ཀྱིས་ཁོང་ གི་ཕྱག་ལས་ཐམས་ཅད་ཁྲིམས་འགལ་འབའ་ཞིག་ཏུ་ངོས་འཛིན་གྱིས་དབུས་གཞུང་ལ་ཡང་རྫུན་ཞུས་དང་རྫུན་ གཏམ་དུ་མ་བྱས་ནས་རྒྱལ་ཁབ་དང་མི་དམངས་བར་ལ་འགལ་བ་ཆེན་པོ་བཟོས་སོང་། ོཁོང་གིས་ཁ་བྲལ་གྱི་བྱ་བ་ཞིག་གནང་མེད་པའི་ ཁག་ཐེག་འགན་ལེན་དུ་ངེད་རྒྱ་ཆེ་མི་དམངས་སུམ་ཁྲི་ལྷག་གིས་ས་ཡིག་བརྒྱབས་ཡོད། དབུ་ཁྲིད་རེ་ཟུང་གི་བྱེད་སྟེང་འདི་དག་གིས་རང་རེ་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་རྒྱ་དང་མི་མང་ལའང་ཕན་ཐོག་ཅིག་ཡོད་ན་འགྲིག་པ་ཙམ་ཡིན་ཀྱང་། ང་ཚོས་ནི་དེ་འདྲ་ཞིག་གཏན་ནས་མཐོང་ཐུབ་ཀྱི་མི་འདུག རིན་པོ་ཆེ་མཆོག་གིས་ནི་ཐོག་མཐའ་བར་གསུམ་དུ་ངའི་གནད་དོན་འདི་རིམ་པ་གོང་མ་ཀྲུང་དབྱང་ བར་དུ་ཞུ་འབུལ་གསལ་པོ་ཞིག་བྱེད་ཐུབ་ན་ཐག་གཅོད་ཡག་པོ་ཞིག་བྱེད་ཐུབ་པའི་རེ་བ་ཡོད་པ་་རེད་ གསུངས་པ་ བཞིན། ང་ཚོ་རྒྱ་ཆེ་མི་མང་གིས་ཀྱང་དེ་བཞིན་དུ་རེ་བ་བྱེད་བཞིན་ཡོད། ཁྲིམས་ལྟར་ན་རིམ་པ་འོག་མ་རིམ་རྒྱུད་ཀྱིས་ཡར་ཞུ་བྱེད་དགོས་པ་ང་ཚོས་ཤེས་ཀྱིས་ཡོད་ཀྱང་། འོག་རིམ་ལ་ག་ཚད་ཞུ་འབུལ་བྱས་ནའང་གནས་སྐབས་མགོ་གཡོག་ཙམ་ལས་དཀའ་ངལ་འདི་ཟེལ་རྒྱུའི་འདོད་པ་ཡོད་པ་དང་མི་མང་གི་བདེ་སྡུག་དང་རྒྱལ་ཁབ་ལ་བསམ་བློ་གཏོང་མཁན་མེད་པ་ནི་གོང་ཞུས་ལྟར་རེད། དེར་བརྟེན་འོག་ཏུ་གསང་བའི་སྒོ་ནས་ང་ཚོ་འདིར་འོང་བ་ཡིན་པས་རབ་ན་ཁོང་གློད་གྲོལ་ཡོང་བ། དེ་མིན་སྨན་གཅོས་ཀྱི་་མང་ཐོག་ནས་གློད་གྲོལ་འམ་ཡང་ན་སྐྱལ་དུ་ཁྲིམས་རྩོད་རྒྱག་ཆོག་པ་ཞིག་ངེད་རྒྱ་ཆེ་མི་མང་གི་རེ་བ་ཡིན་པས། རྒྱལ་ཁབ་ཀྱིས་མི་མང་གི་བདེ་སྡུག་ལ་གཟིགས་ཀྱི་ཡོད་པ་ན་ངེད་ཚོའི་རེ་འདོད་ལ་བརྩེ་བས་གཟིགས་པ་ཞིག་གནང་རོགས་སོགས་ཀྱི་གནས་ཚུལ་ཞུས འདུག དེར་བརྟེན་རྒྱལ་ཕྱི་ནང་ཀུན་ལ་ཡོད་པའི་སློབ་འབངས་སུམ་ཁྲི་ལྷག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རིན་པོ་ཆེ་དང་། གོང་ཞུས་ཀྱི་མི་མང་གི་སྐུ་ཚབ་བཞི་ལ་ནག་ཉེས་གང་ཡང་མེད་པས་མྱུར་དུ་ གློད་གྲོལ་གཏོང་དགོས་པའི་རེ་འདུན་ བྱེད་ཀྱིན་ཡོད་ ཅེས་གནས་ཚུལ་འཁོད་སྤྲོད་པ་གང་གི་་སློབ་བུའི་གྲལ་མཐའ་བ་། གུས་ཚེ་རིང་རྡོ་རྗེ་ནས་ རྒུད་བསྐུར་གནང་རོགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་དགོས་པའི་སྙན་ཞུ། "



བརྗོད་གཞི་གཞན་ཁག་ལ་གཟིགས།