དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཡང་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ཉིན་སྤེལ། འདི་ཟླའི་ཚེས་ ༢༠ ཉིན་གྱི་ཞོགས་པ་དུས་ཚོད་༨ དང་ཕྱེད་ཙམ་གྱི་ཐོག་ཏུ་རྔ་བ་ཁུལ།  མཛོད་དགེ་རྫོང་། ཐང་སྐོར་ཞང  རུ་ཁག་དང་པོའམ་སོག་ཚང་སྡེ་བའི་གྲྭ་དཀོན་མཆོག་བསོད་ནམས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་འདུག

དེ་ཡང་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་གསལ། སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླེང་གི་ཚོགས་ཆེན་འདུ་ཁང་གི་སྒོའི་མདུན་ཐང་དུ་དགེ་འདུན་པ་དཀོན་མཆོག་བསོད་ནམས་ལགས་ཀྱིས་སྲིང་བལ་ལ་སྣུམ་བླུགས་ནས་རྐེད་པར་དཀྲིས་ཏེ་དེ་ཡི་ཐོག་ལ་ལྕགས་སྐུད་ཕྲ་མོ་ཡིས་དམ་པོར་བསྡམས་ནས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་སྟེ་སྐུ་གཤེགས་ཡོད་པ་དང་།  སྐུ་གྲོངས་རྗེས་མང་ཚོགས་དང་དགེ་འདུན་པ་རྣམས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་ལག་ལ་མ་བཞག་པར་དགོན་ནང་ནས་བསྔོ་སྨོན་གསུངས་རྗེས་རྨ་ཆུ་ནང་ལ་བསྐུར་ཡོད་འདུག

སྐུ་མ་གཤེགས་སྔོན་ནས་ཁོང་གི་གྲོགས་པོ་བློ་ཐུབ་ཅིག་ལ་ཞུས་གསལ། རྒྱ་འདིས་བཙན་གནོན་འོག་མི་ཚེ་སྐྱེལ་དགོས་པ་འདི་ཧ་ཅང་གི་སྡུག་ངལ་གྱི་གཞི་རེད། ཅེས་གསུངས་ཡོད་པ་དང་། ཁོང་གི་གྲོགས་པོས་གསང་བའི་ཐོག་ནས་མི་གཞན་ལ་བཤད་ཡོད་འདུག 

རྒྱ་གཞུང་གིས་ཐང་སྐོར་དང་མཛོད་དགེའི་ས་ཁུལ། དེ་བཞིན་ཟི་ཁྲོན་གྱི་བོད་ཁུལ་ས་ཆ་སོ་སོར་དྲ་ལམ་བཀག་པས་གནས་ཚུལ་ཕྱིར་གཏོང་ལ་དཀའ་ངལ་བྱུང་པ་མ་ཟད་གནས་ཚུལ་རྣམས་ཉིན་གུང་ནས་ཕྱིར་གཏོང་གང་ཐུབ་བྱས་འདུག་ཀྱང་། ཕྱི་དྲོ་མ་གཏོགས་གནས་ཚུལ་རྣམས་ཕྱིར་ཕྱོགས་སུ་གཏོང་མ་ཐུབ་པའི་དཀའ་ངལ་ཡང་བྱུང་འདུག

ད་ལྟ་རྒྱ་དམག་དྲག་རྩལ་ལྡན་པ་༡༠༠ དང་གཞན་དམག་མི་༢༠༠ བཅས ཁྱོན་རྒྱ་དམག་༣༠༠ ཡས་མས་ཀྱིས་ཐང་སྐོར་གྲོང་དང་དགོན་པ་སོགས་ཀྱི་ཕྱོགས་གང་སར་དྲག་ཆས་བཟུང་ནས་བསྡད་ཡོད་འདུག

རང་ལོ་༡༨ ཅན་གྱི་གྲྭ་དཀོན་མཆོག་བསོད་ནམས་ནི་མ་རྒན་ཁེར་འདུག་ཅིག་གི་བུ་ཡིན་པ་དང་ཁོང་ནི་བློ་རིག་ཧ་ཅང་གསལ་བས་བླ་མ་ཞིག་གི་ཡང་སྤྲུལ་ཡིན་པའི་བཤད་སྲོལ་ཡང་ཡོད་འདུག ཨ་མའི་མིང་ལ་ལན་ཕྲུག་དང་ཡུལ་གཞན་ན་ཡོད་པའི་ཕའི་མིང་ལ་བསོད་ནམས་དཔལ་ལྡན་ཟེར་གྱི་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།