choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་ཚུལ་ཁྲིམས་སྐལ་བཟང་ལ་ལོ་ ༡༠ ཡི་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ ཉིན་སྤེལ། འདི་ཟླའི་ཚེས་ ༡༢ ཉིན་གྱི་སྔ་དྲོ། ཆུ་ཚོད་ ༨ པའི་ཐོག ཉ་མཚོ་ཟིལ་དཀར་དགོན་གྱི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལ་རྒྱ་གཞུང་གིས་མི་བསད་པའི་ཉེས་མིང་བཏགས་ཏེ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ན་ནིང་སྤྱི་ཟླ་ ༩ བའི་ ཚེས་ ༡ ཉིན་ཉ་མཚོ་ཟིལ་དཀར་དགོན་དུ་རྒྱ་དམག་འབྱོར་ནས་ཆབ་སྲིད་ཀྱི་གནད་དོན་དང་
ཕྱི་ཕྱོགས་ལ་འབྲེལ་བ་ཡོད་རབ་བཤད་དེ་བློ་བཟང་སྦྱིན་པ་དང་། བསོད་ནམས་ཤེས་རབ། བསོད་ནམས་དབྱིག་གཉེན། ཚུལ་ཁྲིམས་སྐལ་བཟང་བཅས་གྲྭ་བ་བཞི་བཙན་ཁྲིད་བྱས་ཡོད་འདུག

གྲྭ་བློ་བཟང་སྨོན་ལམ་ཡང་སྐབས་དེར་འཛིན་བཟུང་བྱས་ཡོད་འདུག་ཀྱང་ཁོང་ནམ་རྒྱུན་དབང་པོ་སྐྱོན་ཅན་ཡིན་སྟབས་ཟླ་གཅིག་གི་རྗེས་སུ་གློད་གྲོལ་བཏང་ཡོད་འདུག དེ་ནས་ཟླ་གཅིག་ལྷག་གི་རྗེས་སུ གྲྭ་བསོད་ནམས་ཤེས་རབ་དང་། བསོད་ནམས་དབྱིག་གཉེན་གཉིས་ལ་ཁྲིམས་ཐག་ལོ་གཉིས་རེའི་ཁྲིམས་ཐག་བཅད་དེ་ཟི་ལིང་ཏའོ་པཱ་ཞེས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ཁྲིམས་ཁང་དུ་བཅུགས་ཡོད་འདུག

གྲྭ་བློ་བཟང་སྦྱིན་པ་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཡོད་འདུག་ཀྱང་། འོད་
སྡེར་༼ བོད་དར་ཆ་སྒྲོངས་ཤིག་གངས་བུ་ཚོ༽ ཞེས་པའི་གླུ་བ་བློ་བློས་བླངས་པ་དེར་འབྲེལ་བ་ཡོད་རབས་ཀྱིས་སླར་ཡང་ལོ་ལྔའིཁྲིམས་ཆད་དང་། དེ་དང་མཉམ་དུ་གླུ་བ་བློ་བློ་ལ་ཡང་ལོ་དྲུག་གི་ཁྲིགས་ཐག་བཅད་ཡོད་འདུག

ཚུལ་ཁྲིམས་སྐལ་བཟང་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་འབོད་འགུགས་གཉིས་
ལྷག་བྱས་རྗེས་ཟི་ལིང་དུ་ཁྲིད་དེ་ཟླ་བཞི་ལྷག་ལ་བཀག་ཉར་བྱས་ཡོད་པ་དང་། ན་ཚའི་དབང་གིས་ཕལ་ཆེར་ཟླ་དགུ་ལྷག་ལ་ཁྲིམས་ཐག་མ་བཅད་པར་ལྷོད་ཡང་ལྟ་བུར་མ་བཞག་ཐབས་མེད་བྱུང་ཡོད་འདུག

ཡིན་ཡང། འདི་ལོའི་སྤྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ པའི་སྟེང་ཁྲིམས་ཁང་ནས་གྲྭ་ཚུལ་ཁྲིམས་སྐལ་བཟང་ལ་རྒྱལ་གཅེས་པ་ངག་དབང་དང་། བསྟན་འཛིན་མཁས་སྒྲུབ་གཉིས་ཀྱིས་རང་ལུས་སྲེག་གཏོང་གནང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་མི་གཉིས་གསུམ་ལྷག་བསད་པའི་ཉེས་མིང་བཙན་འགེལ་བྱས་ནས་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག

གྲྭ་ཚུལ་ཁྲིམས་སྐལ་བཟང་ནི་ཡིན་ལུགས་ཚུལ་མཐུན་དང་། ཡུལ་དགོན་གཉིས་ནས་མིག་དཔེར་ལྟ་ས་ཞིག་ཡིན་པ་མ་ཟད། གོང་སེང སྐབས་སྡེ་བ་སོ་སོར་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།