དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

དམུ་དགེ་ས་ཁུལ་དུ་བོད་མིའི་ས་ཞིང་བཙན་འཕྲོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ཉིན་སྤེལ། བོད་མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ས་ཁུལ་དུ་རྒྱ་གཞུང་གིས་ས་གནས་བོད་རིགས་ཞང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ། དམུ་དགེ་དགོན་པ་གཙོས་ས་གནས་ཞང་གྲོང་ཁག་ནང་ཉེན་རྟོག་ཁང་མང་པོ་གསར་རྒྱག་བྱས་ཏེ་ལྟ་རྟོགས་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ད་ལྟའི་ཆར་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་ནོར་བ་ཞེས་པའི་འབྲོག་སྡེ་ལ་སྟོན་ཁའི་སྐབས་རུ་བ་འབབ་སའི་ས་ཆ་ཞིག་ཡོད་པ་དེ་ལོ་སྔོན་མ་ནས་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཚར་ཡོད་འདུག།

ས་ཆ་དེ་བཙན་འཕྲོག་གི་ཐད་ནས་རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་གྲོས་བསྡུར་དང་གུན་གསབ་གང་ཡང་སྤྲད་མེད་པ་མ་ཟད། ཐ་ན་ལས་གཞི་ག་རེ་ཆེད་དུ་ས་ཆ་འཕྲོག་གི་ཡོད་མེད་ཀྱི་སྐོར་ལ་གསལ་བཤད་ཙམ་ཡང་བྱས་མེད་པ་ཡིན་འདུག

དེ་བཞིན། ཆུ་མཛོད་གློག་ཁང་རྒྱག་དགོས་པར་ཁ་གཡར་ཏེ་དམུ་དགེ་ས་ཁུལ་གྱི་རོང་སྡེ་ཨ་ཆུ་སྡེ་བའི་ཞིང་ས་ཆ་ཚང་དང་། ཨ་རྔང་སྡེ་བ་དང་ཨ་མགོན་སྡེ་བ་གཉིས་ཀྱི་ཞིང་ས་མང་པོ་ཞིག་བཅས་བཙན་འཕྲོག་བྱས་ཡོད་སྟབས། དམུ་དགེ་ས་ཁུལ་གྱི་རོང་འབྲོག་སྡེ་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཐད་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།