choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲོང་གསར་དགོན་གྱི་དགེ་འདུན་པ་གཉིས་ལ་ཉེས་རྡུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ ༧ ཚེས་ ༡༦ ཉིན་སྤེལ། ཁམས་ཚ་བ་དཔའ་ཤོད་གྲོང་གསར་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཚེ་རིང་དང་བློ་བཟང་དགེ་འདུན་གཉིས་རྒྱ་གཞུང་གིས་ཉེས་རྡུང་དྲག་པོ་བཏང་སྟབས་སྨན་ཁང་དུ་ལུས་ཡོད་འདུག

དེ་ཡང་བཟོད་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་གསལ། གོང་བྲན་ཏང་གི་སྐྱེ་སྐར་ཉིན་མོ་ཞེས་པའི་དུས་ཆེན་སྐབས་གྲྭ་བློ་བཟང་དང་ཚེ་རིང་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད་ཉེས་རྡུང་ཚད་མེད་བཏང་ཡོད་པ་རེད། ཁོང་གཉིས་ལ་ཉེས་རྡུང་ཚད་ལས་བརྒལ་བ་བྱས་སྟབས་འཛིན་བཟུང་བྱས་ནས་ཉིན་གསུམ་གྱི་རྗེས་སུ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག

སྐབས་དེར་བློ་བཟང་དགེ་འདུན་ལགས་སྐད་ཆ་ཤོད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག་ལ་ཁོང་སྨན་ཁང་དུ་འཁྲིད་སྐབས་ས་གནས་ཡུལ་མི་འགའ་ཞིག་གིས་མཐོང་ཡོད་པ་དང་། ཡུལ་མི་ཚོས་ཤོད་དོན་དེའི་སྐབས་ཁོང་གོམ་པ་སྤོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་ཚུལ་ཡང་བརྗོད་ཡོད་འདུག རྒྱ་གཞུང་གིས་ཁོང་གཉིས་ལ་ནང་མི་སོགས་ཐུག་འཕྲད་བཅུག་གི་མེད་པ་མ་ཟད། སྤྱི་ཟླ་ ༧ ཚེས་ ༡ ནས་ཡུལ་དགོན་སེར་སྐྱ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།