དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྟའུ་རུ་བོད་མི་ ༡༦ ལ་རྨས་སྐྱོན་དང་༡༨ འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ ཉིན་སྤེལ། ཁམས་རྟའུ་རུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་སྐབས་རྒྱ་གཞུང་གི་དྲག་གནོན་འོག་བོད་མི་ ༡༦ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད་བོད་མི་མང་པོ་ཞིག་ལ་རྡུང་རྡེག་དང་འཛིན་བཟུང་འོག་མནར་གཅོད་ཚད་ལས་བརྒལ་བ་མྱངས་ཡོད་འདུག

དེ་ཡང་གྲྭ་ཡ་མ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་གསལ། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་རྒྱལ་ནག་གཞུང་གིས་ས་གནས་སེར་སྐྱ་མི་མང་གཞི་བདག་རྨ་ཆེན་སྤོམ་རར་བསང་མཆོད་བྱེད་དུ་མ་བཅུག་ཁར་མི་མང་དཀྱིལ་དུ་མེ་མདའ་གང་བྱུང་བརྒྱབ་སྟེ་བོད་མི་ ༡༤ ལ་མེ་མདའ་ཡིས་རྨས་སྐྱོན་ཕོག་ཡོད་པ་རེད་འདུག

དེ་བཞིན་རྒྱལ་མཚན་ལགས་རྩིབ་མ་བཅག་ཡོད་པ་དང་། བཙུན་མ་དབང་ཆེན་ལགས་ནད་པ་ཐུག་ཏུ་འགྲོ་སྐབས་ཉེན་རྟོག་པས་རྡུང་རྡེག་བཏང་ནས་ལག་པ་བཅག་ཡོད་འདུག མེ་མདའ་ཡིས་རྨས་སྐྱོན་ཕོག་པའི་བོད་མིའི་གྲངས་འབོར་ ༡༤  ནང་ནས་རྨས་སྐྱོན་ཚབ་ཆེ་ཤོས་ནི་ལོ་ན་ ༧༢ སོན་པའི་མི་སྐྱ་ཡ་མ་ཚེ་རིང་ལགས་ཡིན་པ་དང་། ཁོང་གི་ལག་པར་མེ་མདའ་ཡིས་རྨས་སྐྱོན་ཕོག་ཡོད་པ་མ་ཟད་རྡུང་རྡེག་དྲག་པོས་ཁོང་གི་རྩིབ་མ་བཞི་བཅག་ཡོད་འདུག

ད་དུང་བོད་མི་གཞན་ཞིག་ལ་རྡུང་རྡེག་ཚབ་ཆེན་བྱས་པ་མ་ཟད་ཁོང་གི་གསེར་གྱི་ལག་གདུབ་དང་རྣ་རྒྱན་སོགས་འཕྲོག་ཚར་ཡོད་འདུག བདེ་སྐྱིད་མགོན་པོ་ཡང་རྡུང་རྡེག་དྲག་པོ་བྱས་སྟབས་ཁོང་གི་རྣ་བ་བེད་མེད་དུ་ཆགས་ཡོད་པ་རེད་འདུག དང་ཐོག་བོད་མི་ ༡༨ འཛིན་བཟུང་བྱས་ཡོད་ན་ཡང་། སྐབས་དེར་རྟའུ་སེར་སྐྱ་མི་མང་གིས་ཞི་རྒོལ་ཤུགས་ཆེན་བྱས་སྟབས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ད་ཆར་གློད་གྲོལ་ཐོབ་ཡོད་འདུག

འཛིན་བཟུང་བྱས་པའི་བོད་མི་ ༡༨ དང་། རྨས་སྐྱོན་ཕོག་པའི་བོད་མི་ ༡༦ བསྡོམས་ན་བོད་མི་ ༣༢ ལ་རྡུང་རྡེག་དང་བཙོན་འཇུག་གི་གནས་ཚུལ་བྱུང་ཡོད་འདུག

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།