choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐུའི་འཁྲུངས་སྐར་ཉིན་ཁམས་རྟའུ་རུ་རྒྱ་གཞུང་གི་དྲག་གནོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ ཉིན་སྤེལ། བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ།འདི་ཟླའིོ་ཚེས་༦ཉིན་ཁམས་རྟའུ་ཁུལ་གྱི་སེར་སྐྱ་མི་མང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྲུང་བརྩི་ཞུར་ལྷ་བསང་བཏང་དུ་བསྐྱོད་སྐབས་རྒྱ་ནག་གཞུང་གིས་སེར་སྐྱ་མི་མང་ལ་དྲག་གནོན་ཤུགས་ཆེན་བྱས་ཡོད་འདུག

དེ་ཡང་ཉིན་དེར་ཁམས་ཉ་མཚོ་དགོན་པ་དང། དགེ་ལྡན་ཆོས་གླིང་དགོན་པའི་བཙུན་མ་གཙོ་བོར་གྱུར་བའི་ཡུལ་དེའི་སེར་སྐྱ་མི་དམངས་བརྒྱ་ཕྲག་ཁ་ཤས་ཀྱིས་༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ནས་ཡུལ་དེའི་ནང་དུ་ཆགས་པའི་གཞི་བདག་རྨ་ཆེན་སྤོམ་རའི་རི་རྩེར་འཁྲུངས་སྐར་སྲུང་བརྩིའི་ལྷ་བསང་གཏོང་དུ་བསྐྱོད་པའི་སྐབས་རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་རྨ་ཆེན་སྤོམ་རེའི་ལ་རྩེ་ཡོངས་སུ་མཐའ་སྐོར་ནས་ལྷ་གསོལ་བྱེད་དུ་བཅུག་མེད་པ་རེད་འདུག

ད་དུང་བོད་ནང་དུ་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་གནང་མཁན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་གཅུང་པོ་གྲྭ་དགེ་འདུལ་་རྡོ་རྗེ་ལགས་མོ་ཊར་བཏང་སྟེ་རེ་རྩེར་བསླེབས་པའི་སྐབས་རྒྱ་མིའི་དམག་མིས་ཁོང་གི་མོ་ཊར་རྡོ་ཞུས་ཏེ་ཤེལ་སྒོ་སོགས་བཅག་སྐྱོན་བཏང་བ་མ་ཟད། སྐུ་ཞབས་བྱང་ཆུབ་རྡོ་རྗེ་ལགས་དང། ཉ་མཚོ་དགོན་པའི་དགེ་བསྐོས་ཚེ་རིང་དོན་གྲུབ་ལགས། བྲག་ཆུང་གྲོང་པ་ཨོ་རྒྱན་བཀྲིས་ལགས། ཉ་མཚོ་དགོན་པའི་རྒན་བཀྲིས་བསོད་ནམས་ལགས་དང། བཀྲིས་བདུན་སྐྱ་ལགས་། གྲོང་པ་སྙན་གྲགས་ལགས། བཙུན་མ་གཅིག་བཅས་ལ་མེ་མདའ་རྒྱབ་སྟེ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་ཡོད་ཀྱང་དེའི་ནང་ནས་ཨོ་རྒྱན་བཀྲིས་ལགས་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡོད་པར་བརྟེན་ནས་རྟའུ་རྫོང་གི་སྨན་ཁང་ནས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོ་ཞིག་ཏུ་བསྐྱལ་དགོས་བྱུང་ཡོད་འདུག

ཉིན་དེར་མི་མངཀྱི་དཀྱིལ་དུ་མིག་ཆུ་ཤོར་བའི་དུག་རྫས་གཏོར་བ་དང་གང་བྱུང་དུ་ཉེས་རྡུང་བཏང་སྟེ་མི་དམངས་མང་པོར་རྨས་སྐྱོན་ཕོག་ཡོད་པ་སོགས་ད་ལྟའི་འཆར་ཁམས་རྟའུ་ཉ་མཚོ་དགོན་པའི་ཕྱི་ནང་གཉིས་ཀར་དམག་དཔུང་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་འོག་མི་དམངས་རྣམས་འགྲོ་བསྐྱོད་ཀྱི་རང་དབང་མེད་པའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག
གསར་འགོད་པ་དོན་འགྲུབ

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།