དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

དཔའ་ཤོད་རྫོང་དུ་དགེ་འདུན་པ་ཞིག་གི་རྒྱ་གཞུང་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ ཉིན། འདི་ཟླའི་ཚེས་ ༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ པ་ཡས་མས་ཤིག་ལ་བོད་མདོ་ཁམས་ཚ་བ་དཔའ་ཤོད་རྫོང་དུ་དགེ་འདུན་པ་ཞིག་གིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

དེ་ཡང་འབྲེལ་ཡོད་མི་སྣས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། འདི་ཟླའི་ཚེས་༡ ཉིན་གྱི་ཞོགས་པར་ཚ་བ་དཔའ་ཤོད་རྫོང་དུ་གུང་བྲན་ཏང་གི་སྐྱེ་སྐར་ཉིན་མོ་ཞེས་པའི་མཛད་སྒོ་དུས་ཆེན་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་ཚོགས་ནས་རྒྱ་ནག་གི་རྒྱལ་གླུ་གཏོང་བའི་སྐབས་དང་སྟབས་བསྟུན་གྲྭ་བློ་བཟང་དགེ་འདུན་གྱིས་༧ རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག བོད་རང་བཙན་གཙང་མ་ཡིན་ཞེས་སོགས་ཀྱི་འབོད་ཚིག་དང་ལྷན་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བ་ཞིག་ཡིན་འདུག

དགེ་འདུན་པ་བློ་བཟང་ལགས་ཀྱིས་རྫོང་ཐོག་ཏུ་སྐར་མ་ལྔ་དྲུག་རིང་སྐད་འབོད་བྱས་རྗེས་རྫོང་གི་དམག་མི་ཕོན་ཆེན་སླེབས་ནས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེའི་རྗེས་ཁོང་གི་སྐོར་ལ་གནས་ཚུལ་ཤེས་རྟོགས་གང་ཡང་བྱུང་མེད་ཚུལ་དང་། དེ་བཞིན་ཚ་བ་དཔའ་ཤོད་དང་། ཆབ་མདོ་སོགས་སུ་ཡང་རྒྱ་གཞུང་གིས་བོད་མའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་ཚུལ་ཡང་འགྲེལ་བརྗོད་གནང་སོང་།

རང་ལོ་ ༢༠ ལ་སོན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ནི་གྲོང་གསར་དགོན། འགུ་ར་གྲོང་སྡེ་ནས་ཡིན་ཞིང་། ཁོང་གི་ཕའི་མིང་ལ་སྐལ་བཟང་དང་། མའི་མིང་ལ་དཔལ་འཛོམས་། ཁོང་གི་སྐྱ་མིང་ལ་རྒྱ་རྡོ་ཟེར་གྱི་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།