choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སོག་ཙན་དན་དགོན་པའི་གྲྭ་པ་ཞིག་གློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣  ཟླ་ ༦ ཚེས་ ༢༧  ཉིན། ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་རྣམ་རྒྱལ་ཚུལ་ཁྲིམས་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག ཟླ་བ་༨ ལྷག་བཙོན་འཇུག་གིས་ཕྱི་ཟླ་༥ ཚེས་༡༡ ཉིན་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་འདུག

དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༦ ཉིན་འཛིན་བཟུང་བྱས་ཏེ། ཐོག་མར་ནག་ཆུའི་བཙོན་ཁང་དང་བཀག་ཉར་ཁང་གཉིས་ཀྱི་ནང་རེས་མོས་ཀྱིས་ཟླ་༤ དང་ཉིན་གྲངས་༢༨ ཙམ་བཙོན་འཇུག་དང་། དེ་རྗེས་ལྷ་སའི་སྟོད་ལུང་བཙོན་ཁང་དུ་ཟླ་༣ དང་ཉིན་༡༡ རིང་བཙོན་འཇུག་བྱས་པ་བཅས་ཁྱོན་ཟླ་༨ ལྷག་བཙོན་འཇུག་མནར་གཅོད་བྱས་རྗེས། འདི་ལོའི་ཕྱི་ཟླ་༥ པའི་ཚེས་༡༡ ཉིན་གློད་གྲོལ་ཐོབ་ཡོད་པ་རེད།

namgyaltsultrim ཟླ་བ་དེ་དག་གི་རིང་ཁོང་གི་སྐུ་ལུས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བྱས་རྐྱེན། དེང་སྐབས་ཁོང་སྐུ་གཟུགས་བདེ་པོ་མེད་པ་མ་ཟད། ལག་པ་གཡོན་མ་བེད་མེད་བཟོས་ཡོད་འདུག   ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ༧གོང་ས་མཆོག་གིས་བཀའ་ཁྲིད་གནང་བཞག་པའི་སྤྱོད་འཇུག་ཟེར་སྡེར་བཞི་ཉར་ཡོད་པར་བསྙད་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་བཏགས་ཡོད་འདུག ད་ལྟ་ཁོང་གློད་བཀྲོལ་ཐོབ་པའི་མིང་ཐོག་ཏུ་ཡོད་ཀྱང་ལྐོག་ནས་གསང་ལྟ་དང་དངོས་སུ་འདྲི་རྩད་བྱེད་མཁན་མང་པོ་ཡོད་སྐོར་འདུག

དེ་བཞིན་༢༠༡༡ གི་ལོ་མཇུག་ལ་ལྷ་སར་རྒྱལ་སྲུང་ཉེན་རྟོག་པས་ཟླ་གཅིག་རིང་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པར་བསྙད་ནས་བཀག་ཉར་གྱིས། ཚ་འདྲི་བྱས་སྐོར་འདུག་ཅེས་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།