choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མཉམ་རུབ་ཀྱིས་བོད་མི་ཞིག་བསད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 

སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༡ ཉིན། རྒྱ་གར་ལྷོ་ཕྱོགས། སེ་ར་དགོན། བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་གསལ། འདི་ཟླའི་ཚེས་ ༡༦ ཉིན་ཁམས་དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་སྨད། ཨ་རིག་རྫ་ཡུལ་ཚོའི་བདེ་འཇག་མི་སྣས་ཕ་ཡུལ་འ་ཤུལ་ནས་ཡིན་པའི་བོད་མི་ཞིག་ལ་རྡུང་རྡེག་ཚད་ལས་བརྒལ་བ་བྱས་སྟབས་ཚེས་ ༡༧ གྱི་ཞོགས་པར་བོད་མི་དེ་སྐུ་གྲོངས་ཡོད་འདུག

བོད་མི་དེར་ནག་ཆུ་རྫོང་ནས་མི་ཞིག་གིས་དབྱར་རྩ་རྐུས་ཚུལ་གྱི་ཁ་མཆུ་བཙུགས་ཡོད་ཚུལ་བརྗོད་དེ་ནག་ཆུའི་བདེ་འཇགས་མི་སྣ་དང་ཨ་རིག་རྫ་ཡུལ་ཚོའི་བདེ་འཇགས་མི་སྣ་གཉིས་མཉམ་རུབ་བྱས་ནས་རྡུང་རྡེག་ཚབ་ཆེན་བྱས་ཏེ་སྐུ་གྲོངས་པ་ཞིག་ཡིན་འདུག  
སེར་ཤུལ་རྫོང་གི་བདེ་འཇགས་མི་སྣ་ཨ་རིག་རྫ་ཡུལ་ཚོའི་སྟེང་དུ་ཡོང་ནས་ཨ་རིག་རྫ་ཡུལ་ཚོའི་བདེ་འཇགས་མི་སྣ་ལ་མི་ཤི་བའི་དོན་རྐྱེན་འདྲི་ཁུལ་བྱེད་ཀི་ཡོད་ཀྱང་། ཁོ་ཚོས་བཤད་ཚོད་ལྟར་ན་ཁོ་ནི་རང་ཤི་བརྒྱབ་པ་རེད་མ་གཏོགས་རྡུང་རྡེག་བྱས་ནས་ཤི་བ་མིན་ཚུལ་གྱི་བརྗོད་ཡོད་འདུག    
གྲོགས་པོ་ཞིག་གིས་བརྗོད་དོན་ལ། མི་འདི་ཚོས་བོད་མི་ཚོར་བརྙས་བཅོས་ཚད་མེད་བྱས་པ་ནི་གྲངས་ཀ་མེད་ལ། ཁོང་ཚོས་དོན་དག་ཆུང་ངུ་རེའི་ཆེད་དུ་མི་མང་པོར་རྡུང་རྡེག་བྱས་ཏེ་སྨན་ཁང་ཆེན་པོར་འགྲོ་དགོས་པའི་གནས་ཚུལ་འགའ་ཡང་བྱུང་མྱོང་ཡོད།   འདི་ཚོ་ནི་མངོན་པར་མི་གསལ་བའི་དྲག་སྤྱོད་པ་ཤ་སྟག་ཡིན།  སྤྱོད་ངན་འདི་ཚོ་སྒོར་མོ་དང་། གོ་གནས་མ་གཏོགས་བསམ་མི་ཤེས་པའི་རྒྱ་ནག་སྲིད་གཞུང་གི་སྤྱི་བདེ་ཉེན་རྟོག་པའི་བྱ་སྤྱོད་རེད། ཅེས་དང་། གཞན་ཡང་ཨ་རྫ་ས་ཁུལ་ལ་སྤྱི་བདེ་ཉེན་རྟོག་ཁང་ཞིག་གསར་འཛུགས་བྱས་ཡོད་ཚུལ་ཡང་འགྲེལ་བརྗོད་གནང་འདུག

གནས་ཚུལ་ངོ་སྤྲོད་པ་སྐུ་ཞབས་བྱམས་པ་ཡོན་ཏན་ལགས་ནས་མུ་མཐུད་འགྲེལ་བརྗོད་གནང་དོན། ས་གནས་དེར་ཡོད་པའི་རྒྱ་མིའི་སྤྱི་བདེ་ཉེན་རྟོག་པ་དེ་དག་ནི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་སོགས་གང་ཡང་མེད་པའི་མི་ཤ་སྟག་ཡིན་པ་མ་ཟད་མི་དེ་ཚོས་ས་གནས་སུ་བེུད་ལ་བཙན་གཡེམས་དང་ཡུལ་མིར་བརྙས་བཅོས་སོགས་བྱ་ངན་ཚད་ལས་བརྒལ་པ་སྤེལ་དང་སྤེལ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཐེ་བྱུས་གང་ཡང་བྱེད་ཀྱི་མེད་ཅེས་འགྲེལ་བརྗོད་དང་འབྲེལ་རྒྱལ་སྤྱིའི་སྤྱོ་ཚོགས་ནས་དེར་དོ་སྣང་དང་ཞིབ་འཇུག་ཡོང་བའི་འབོད་སྐུལ་ཡང་གནང་གི་འདུ

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།