བོད་མི་ཆིག་ཁྲི་བརྒལ་བར་འདུ་འཛོམས་བྱུང་བ།

 པར་འདེབས།

ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༡ ཉིན། དི་གར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། འདི་ཟླའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་བ་ཡས་མས་སུ་༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་གསང་ཡུམ་དང་སྲས་མོ་རིག་འཛིན་དབང་མོ་རྣམ་གཉིས་ལྷ་སའི་གཙུག་ལག་ཁང་དུ་གསང་བའི་ཐོག་ཆོལ་མཇལ་ལ་ཕེབས་ཡོད་འདུག

སྐབས་དེར་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་སྟེ་མི་མང་ཆིག་ཁྲི་བརྒལ་བར་གཙུག་ལག་ཁང་དང་ར་མ་མོ་ཆེ་སོགས་སུ་འདུ་འཛོམས་བྱུང་ཡོད་འདུག་ཀྱང་། ཉེན་རྟོག་པ་དང་། དྲག་ཆས་དམག་མི། གསང་བའི་མི་སྣ་སོགས་ར་མོ་ཆེ་ དང་གཙུག་ལག་ཁང་གི་མདུན་ཐང་སོགས་ལ་བཀྲམས་སྟེ་མི་མང་འདུ་འཛོམས་ཐད་ཀར་བཀག་འགོག་ནན་མོར་བྱས་པ་བརྟེན། མི་མང་རྣམས་ཡིད་སྐྱོ་དང་སེམས་ཕམ་ངང་གནས་དགོས་བྱུང་ཡོད་པ་མ་ཟད།

ཕྱི་དྲོ་ར་མོ་ཆེ་སོགས་ལ་ཕེབས་འཆར་གྱི་གྲྭ་སྒྲིགས་སོགས་བྱས་ཟིན་ནའང་རྒྱ་གཞུང་གིས་གསང་ཡུམ་དང་སྲས་གཉིས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་མི་ཐུབ་པར་ཁ་གཡར་སྟེ་མཛད རིམ་ཁག་ཕྱིར་བསྡུ་བྱེད་དགོས་བྱུང་ཡོད་པ་རེད། ། ཡང་ཉིན་འགའི་སྔོན་སྲས་མོ་གཞིས་རྩེར་ཕེབས་སྐབས ས་གནས་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་རྒྱུ་བྱུང་ཡོད་འདུག
གསར་འགོད་པ་དོན་འགྲུབ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༠༢༢༠༡༣༢༡༥༠
པཎ་ཆེན་རིན་པོ་ཆེ་ལ་བུ་ཞིག་ཡོད་ན་ང་ཚོ་བོད་པ་ཚང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཐུབ་པ།



བརྗོད་གཞི་གཞན་ཁག་ལ་གཟིགས།