choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་ལྷུན་པོ་ལའི་ཡུལ་གཤོངས་སུ་གཏེར་ཁ་སྔོག་འདོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༦ ཚེས་ ༡༧། བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ། རྒྱ་ནག་གི་ལྷོ་ཕྱོགས་གཏེར་ཁ་འཚོལ་ཞིབ་བྱེད་མཁན་གྱི་བཟོ་གྲྭ་སེ་ནོ་པེག་(Sinopec Southern Exploration Company) ཟེར་བ་དེ་དང། རྡོ་སྣུམ་དང་རྡོ་ཞུན་རླང་རྫས་ཀྱི་གཏེར་དངོས་ཞིབ་འཇུག་ཚན་པ་ (Oil and Gas Resources Research Centre of Geological Survey Bureau of Ministry of Land Resources) གཉིས་ཐུན་མོང་གིས་བོད་ཀྱི་ལྷུན་པོ་ལའི་ཡུལ་གཤོངས་སུ་རྡོ་སྣུམ་དང་རྡོ་ཞུན་རླང་རྫས་ཀྱི་གཏེར་དངོས་འཚོལ་ཞིབ་བྱ་རྒྱུའི་གྲོས་མཐུན་ཐོག་ས་རྟགས་བརྒྱབ་ཡོད་པ་རེད།

དེར་བརྟེན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པས་ལས་གཞི་དེར་སེམས་ཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པའི་ནང་འཁོད་དོན། ང་ཚོས་མཐོ་སྒང་བོད་ཀྱི་ས་ཁུལ་དུ་རྒྱ་ནག་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཇི་འདྲ་ཞིག་ཡིན་རུང་ངོ་རྒོལ་བྱ་རྒྱུ་ཡིན། གང་ཡིན་བརྗོད་ན་མཐོ་སྒང་བོད་ཀྱི་ཁོར་ཡུག་ནི་འཇིག་སླ་བ་མ་ཟད། བོད་དང་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་མི་འབོར་ས་ཡ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ཡོད།

སྤྱིར་མཐོ་སྒང་བོད་ཀྱི་ས་ཁུལ་དུ་རྒྱ་ནག་གཞུང་གིས་གཏེར་དངོས་ལས་གཞི་ཇི་འདྲ་ཞིག་ལག་བསྟར་བྱེད་སྐབས་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་གཞི་རྩའི་དགོས་ངེས་ཀྱི་ཆ་རྐྱེན་ཁག་གཅིག་ཡོད་པ་རྣམས་ནི། གཏེར་དངོས་སྔོག་འདོན་གྱི་ལས་གཞི་འགོ་མ་བརྩམ་གོང་ས་གནས་བོད་རིགས་རྣམས་དང་གོ་བསྡུར་བྱ་རྒྱུ། གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེས་བོད་མིའི་སྤྱི་ཚོགས་དང་ཁོར་ཡུག རིག་གཞུང་སོགས་ཀྱི་གལ་གནད་ལ་རྩིས་མེད་རྡོག་རོལ་མི་འགྲོ་བ་མ་ཟད། ས་གནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཁྲིམས་དང་མཐུན་པའི་ཐོག་ནས་ས་གནས་བོད་མི་རྣམས་ལ་ཁེ་ཕན་ཡོད་པ། དེ་བཞིན་གཏེར་ཁ་ཚོད་མེད་བསྔོགས་ཏེ་གཏེར་ཁ་རྩ་སྟོང་མི་བཟོ་བ་དང། གཏེར་ཁ་སྔོག་འདོན་ལ་བསྙད་དེ་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་མི་འབོད་སྤོ་ཤུགས་བྱ་རྒྱུ་སོགས་མཚམས་འཇོག་བྱེད་དགོས། ཞེས་སོགས་འཁོད་ཡོད་པ་རེད་འདུག

ལྷུན་པོ་ལའི་ཡུལ་གཤོངས་ཀྱི་ས་ཁུལ་དེ་ནི་མཐོ་སྒང་བོད་ཀྱི་དབུས་ཕྱོགས་སུ་ཡོད་པའི་ས་གནས་ཤིག་ཡིན་པ་དང། དེ་སྔ་ཁུལ་དེར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༤ ལོར་གཏེར་ཁ་སྔོག་འདོན་འོས་འཚམ་ཡོད་མེད་ཀྱི་རྟོག་ཞིབ་ཚན་པ་ཞིག་གིས་ས་གནས་སུ་རོབ་ཙམ་རྟོག་ཞིབ་བྱས་ཡོད་པ་རེད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།