choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༡༣ ཉིན། རྒྱ་གཞུང་གི་རྔ་པ་བཙོན་ཁང་དུ་སྡུག་སྦྱོང་བཏང་དྲག་པའི་རྐྱེན་གྱིས་བོད་མི་ཆབ་སྲིད་བཙོན་པ་ཞིག་རང་སྲོག་རང་གིས་གཅོད་གྲབས་བྱ་སྐབས་རྒྱ་གཞུང་གིས་དེ་མ་ཐག་སྨན་ཁང་དུ་ཁྱེར་ཡོད་ན་ཡང་། ད་ལྟའི་ཆར་ཤི་གསོན་གྱི་གནས་སྟངས་ཤེས་རྟོག་མེད་པ་ཡིན་འདུག

དེ་ཡང་དེང་སྐབས་རྒྱ་གཞུང་གིས་ཁམས་དང་ཨ་མདོ་ཕྱོགས་ཀྱི་བོད་མི་ཆབ་སྲིད་བཙོན་པ་མང་ཆེ་ཤོས་བཙོན་འཇུག་བྱ་ས་ནི་ཟི་ཁྲོན་ཞིང་ཆེན་དན་ཡང་ས་ཁུལ་དུ་ཡོད་པའི་རྔ་བ་བཙོན་ཁང་དུ་ཡིན་པ་དང་། བཙོན་ཁང་དེར་བོད་མི་ཆབ་སྲིད་བཙོན་པ་ཚོར་དམིགས་བསལ་སྡུག་སྦྱོང་དང་དཀའ་ངལ་འདྲ་མིན་སྤྲོད་བཞིན་ཡོད་པ་མ་ཟད། བཙོན་ཁང་དེའི་ནང་རྒྱ་བོད་མི་རིགས་གཉིས་བར་ལ་འཁྲུག་བརྩོད་ཤུགས་ཆེ་ཤོར་གྱི་ཡོད་པ་བརྟེན། ཉེ་ཆར་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་འུ་ཐུག་ཐབས་ཟད་ནས་རང་སྲོག་རང་གིས་གཅོད་གྲབས་ཀྱི་བྱ་བ་བརྩམས་དགོས་བྱུང་ཡོད་འདུག

དེ་ཡང་ཉེ་ཆར་བོད་ནས་ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་བརྗོད་དོན་ལ་གཞིག་ན། གོང་གསལ་ཆབ་སྲིད་བཙོན་པ་ཁོང་ནི་ཕ་ཡུལ་སེར་རྟ་ཁུལ་ནས་ཡིན་པ་དང་སྔ་ལོར་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་ཟད། བཙོན་ཁང་དེའི་འགོ་ཁྲིད་སྤྱི་དང་ཁྱད་པར་དུ་རྒྱ་རིགས་བཙོན་པ་ཚོས་ཐུབ་ཚོད་བཏང་དྲག་པའི་རྐྱེན་གྱིས་སོ་སོའི་མགོ་ལ་འཚེམ་བུ་རྒྱག་བྱེད་ཀྱི་ཁབ་བཙུགས་ནས་རང་སྲོག་གཅོད་གྲབས་བྱ་སྐབས་རྒྱ་གཞུང་གིས་དེ་མ་ཐག་སྨན་ཁང་དུ་ཁྱེར་ཡོད་པའི་སྐོར་དང་། ད་ལྟ་ཁོང་གི་མིང་སོགས་གསལ་བོར་བཤད་ན་ཡག་པོ་མེད་པ། ཁོང་སྨན་ཁང་དུ་ཁྱེར་རྗེས་ཤི་གསོན་གང་བྱུང་ད་ལྟ་སུ་གང་གིས་ཀྱང་གསལ་པོ་ཤེས་རྟོག་མེད་པ། གལ་སྲིད་ཁོང་འདས་གྲོངས་སོང་མེད་ན་ད་དུང་ཁྲིམས་ཆད་ཀྱི་ལོ་ཚད་སྤར་སྲིད་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་འདུག

ཁོང་གིས་འབྲེལ་ཡོད་མི་སྣ་མང་པོ་ཞིག་བརྒྱུད་ནས་ཤེས་རྟོག་བྱུང་ཡོད་ཚུལ་ལ་གཞིག་ན། བཙོན་ཁང་དེའི་ནང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཆབ་སྲིད་དང་འབྲེལ་བ་ཡོད་པའི་རྒྱ་རིགས་བཙོན་པ་མི་ཉུང་བ་ཞིག་ཡོད་པ་མ་ཟད། ཁོང་ཚོ་ཁ་ཤས་ཀྱིས་ཀྱང་རང་སྲོག་གཅོད་རྩིས་ཀྱི་གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་གིས་ལམ་སེང་བཙོན་ཁང་གཞན་དག་ལ་གནས་སྤོ་བྱས་ཏེ་ཟླ་བ་ཁ་ཤས་བཀག་ཉར་བྱས་པའི་རྗེས་ཁྲིམས་ཐག་གི་ལོ་ཚད་སྤར་བའི་གནས་ཚུལ་བྱུང་ཡོད་སྟབས་ཁོང་ལ་ཡང་ཁྲིམས་ཐག་གི་ལོ་ཚད་སྤར་རྒྱུའི་ཉེན་ཁ་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག

མདོར་ན་རྔ་པ་བཙོན་ཁང་སྤྱི་དང་རུ་ཁག་དང་པོའི་ནང་བོད་མི་བཙོན་པ་ཚོར་རྒྱ་གཞུང་གི་ལས་བྱེད་ཚོས་རྒྱ་བོད་མི་རིགས་ཀྱི་དབྱེ་འབྱེད་འོག་དཀའ་སྡུག་ཤུགས་ཆེ་སྤྲོད་བཞིན་ཡོད་པ་མ་ཟད་། ད་རེས་ཀྱི་གནས་ཚུལ་དེ་བྱུང་བའི་རྗེས་སུ་བཙོན་ཁང་དེར་དམིགས་བསལ་གྱི་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ཡིན་འདུག སྤྱིར་བཏང་བཙོན་ཁང་དེའི་ནང་མཚོན་ཆའི་རིགས་རྩ་བ་ནས་ཉར་ཆོག་གི་མེད་སྟབས་ཁོང་གིས་འཚེམ་བུ་རྒྱག་བྱེད་ཀྱི་ཁབ་རང་གི་མགོ་ལ་བཙུགས་ནས་རང་སྲོག་གཅོད་རྩིས་བྱས་པ་ལས་ཐབས་ཤེས་གཞན་རྙེད་མེད་པའི་གནས་ཚུལ་བཅས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།