choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙུན་མ་གཉིས་དང་བུ་མོ་ཞིག་བཙོན་གྲོལ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༡༣ ཉིན། འདི་གར་གནས་ཚུལ་འབྱོར་གསལ། དཀར་མཛེས་རྫོང་། རུང་ཚ་ཞང་། ཧོར་མི་གྲོང་། རུང་གྲགས་དགོན། ཧོར་མི་ཚང་གི་བཙུན་མ་ཞོ་དགའ་དང་། དཀར་མཛེས་རྫོང་། སུ་སྔོན་ཞང་། རྗེ་བཟང་མདའ་དྲུག་པ། རུང་གྲགས་དགོན་ནས་ཡིན་པའི་བཙུན་མ་རིག་དགའ། ད་དུང་དཀར་མཛེས་རྫོང་། རྫོ་རུ་གྲོང་སྡེ་ནས་ཡིན་པའི་བུ་མོ་ཚེ་དབང་སྒྲོལ་མ་བཅས་ལ་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་དུས་ཡུན་ཚང་སྟེ་བཙོན་གྲོལ་ཐོབ་ཡོད་འདུག

དེ་ཡང་ཆབ་སྲིད་བཙུན་མ་ཁོང་གཉིས་ནི་ཕྱི་ལོ་༢༠༡༡ ཟླ་ ༦ ཚེས་ ༡༠ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་རང་བཙན་གྱི་སྐད་འབོད་བྱས་པ་ལ་བརྟེན་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། འཛིན་བཟུང་བྱས་རྗེས་ཁོང་གཉིས་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་རེད་འདུག དེ་བཞིན་དཀར་མཛེས་རྫོང་། རྫོ་རུ་གྲོང་སྡེ་ནས་ཡིན་པའི་བུ་མོ་ཚེ་དབང་སྒྲོལ་མ་ནི་ཕྱི་ལོ་༢༠༡༡ ཟླ་ ༦ ཚེས་༨ ཉིན་འཛིན་བཟུང་བྱས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། ཁོང་ཡང་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་པ་རེད།

གོང་གསལ་བཙུན་མ་གཉིས་དང་བུ་མོ་གཅིག་བཅས་ཁོང་གསུམ་ནི་ད་ལྟའི་བར་ཟི་ཁྲོན་ཞིང་། ཆེན་ཁྲིན་ཏུའུ་ཁུལ། ལིང་ཆང་རྫོང་དུ་ཡོད་པའི་བུད་མེད་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་པ་དང། བཙོན་ཁང་དེར་སྒྲིག་གཞི་དོག་ལ་རྒྱུན་དུ་དམག་སྦྱོང་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྦྱོང་དགོས་པ་སོགས་ལས་ཀ་མང་པོ་ཡོད་པ་ཡིན་འདུག གློད་གྲོལ་བཏང་སྐབས་ཀྱང་བཙོན་ཁང་གི་འགོ་ཁྲིད་གཉིས་ཀྱིས་དཀར་མཛེས་རྫོང་གི་བར་དུ་བསྐྱེལ་ཡོད་པ་དང་། དཀར་མཛེས་རྫོང་དུ་སླེབས་རྗེས་ཁོང་གསུམ་ལ་ཕེབས་བསུ་ཡི་དོག་ཟོན་གྱིས་རྫོང་འབྲེལ་ཡོད་ཚན་པས་ཁོང་གསུམ་ནང་མིར་བརྩིས་སྤྲོད་བྱས་སྟབས་ཕྱི་ལོག་ཏུ་ཕེབས་བསུ་ཞུར་བཅུག་མེད་ན་ཡང་། ནང་དུ་སླེབས་ཚར་རྗེས་ཡུལ་མི་སེར་སྐྱ་མང་ཚོགས་འཚམས་འདྲི་ཞུར་བཅར་ཡོད་པ་རེད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།