དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཁམས་རྟའུ་རུ་ཚོགས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༦ཚེས་༡༡ཉིན། རྒྱ་གཞུང་གི་བཀག་འགོག་གིས་བྱས་མིན་ལ་ལྟོས་མེད་མདོ་ཁམས་འཇང་དགུན་ཚོས་ཆེན་མོ་ཐེངས་ལྔ་པ་འདི་ལོར་ཁམས་རྟའུ་ཉ་མཚོ་དགོན་པར་འགོ་འཛུགས་གནང་ཡོད་འདུག
རྒྱ་ནག་གཞུང་གི་གནོན་ཤུགས་དང་བཀག་འགོག་གང་མང་ཞིག་གི་འོག་འདི་ལོ་བོད་མདོ་ཁམས་འཇངས་དགུན་ཆོས་ཐེངས་ལྔ་པ་དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་དུ་ཡོད་པའི་ཉི་མཚོ་དགོན་པ་ཐོས་བསམ་དར་རྒྱས་གླིང་དུ་ཕྱི་ཟླ་༦་པའི་ཚེས་༡༠ ནས་འགོ་འཛུགས་ཀྱིས་ཚེས་༢༠་བར་་ཉིན་གྲངས་བཅུའི་རིང་ལ་ཚོགས་བཞིན་ཡོད་པ་རེད།
དེ་ཡང་གནད་དོན་དེའི་སྐོར་རྒྱ་གར་ལྷོ་ཕྱོགས་གདན་ས་དགའ་ལྡན་དགོན་དུ་སློབ་གཉེར་བ་ཡ་མ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་དོན། མདོ་ཁམས་འཇངས་དགུན་ཆོས་ཆེན་མོ་དེར་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པའི་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་མི་འདྲ་བ་༥༠་ལ་ཉེ་བ་ཞིག་ནས་དགེ་འདུན་སློབ་གཉེར་བ་གྲངས་༣༠༠༠བརྒལ་བ་ཞིག་མཉམ་ཞུགས་གནང་ཡོད་པ་དང༌། ཧོར་ཁག་འཚོ་བ་ལྔའི་ངོས་ནས་ཉིན་གྲངས་གཉིས་རེ་འགན་ཁུར་དང་ལེན་གྱིས་བསྙེན་བཀུར་བྱེད་བཞིན་ཡོད་འདུག
ཁོང་གིས་མཐུད་ནས་བརྗོད་དོན། སྤྱིར་ན་ཟླ་སྔོན་མའི་ནང་འཚོགས་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་པ་ལྟར་ཉ་མཚོ་དགོན་པའི་ངོས་ནས་ས་གནས་རྒྱ་གཞུང་ལ་སྙན་ཞུ་རིམ་པར་ཕུལ་ཡོད་ཀྱང་དེ་ལ་དང་ལེན་མ་བྱས་བར་ད་བར་ཟླ་ངོ་གཅིག་འགོར་འགྱངས་ཕྱིན་པའི་རྗེས་སུ་ཉིན་གྲངས་༡༠ཙམ་ལ་འདི་ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་དེ་ཚོགས་ཆོགས་པའི་མཆོག་མཆན་སྤྲད་པ་རེད་ཅེས་དང་། དེ་མིན་འདི་ལོ་སྔོན་མའི་ནང་ཉ་མཚོ་དགོན་པའི་ནང་འཚོགས་རྒྱུའི་ཐགས་གཅོད་བྱུང་བ་ཞིག་ཡིན་མོད་རྒྱ་ནག་གཞུང་གིས་མཆོག་མཆན་མ་སྤྲད་པ་དང་བཀག་འགོག་དོ་དམ་ནན་པོའི་འོག་འཚོགས་ཐུབ་པ་བྱུང་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།
གཞི་རྩའི་བོད་མདོ་ཁམས་འཇངས་དགུན་ཆོས་ཆེན་མོ་དབུ་བརྙེས་ཏེ་ལོ་ཤས་འགྲོ་བཞིན་པ་དང་ཁམས་ཕྱོགས་ཀྱི་དགོན་སྡེ་ཁག་ནང་ལོ་ལྟར་རེས་མོས་ཀྱི་ཚོགས་སྲོལ་ཡོད་པ་ལྟར་༢༠༡༡ལོར་ལི་ཐང་དགོན་ཆེན་ནང་དུ་ཚོགས་ཡོད་ཀྱང་སྐབས་དེར་རྒྱ་ནག་གཞུང་གི་མཆོག་མཆན་གང་ཡང་མ་སྤྲད་པར་བརྟེན། དགོན་པའི་ངོས་ནས་འགན་དབང་ཆ་ཚང་ཁུར་དགོས་བྱུང་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གི་མཆོག་མཆན་ཡོད་མེད་ལ་མ་ལྟོས་པར་༢༠༡༡་ལོའི་ཕྱི་ཟླ་༧་ཚེས་༡༥་ནས་ཚེས་༢༥་བར་དུ་ལི་ཐང་དགོན་ཆེན་ལ་ཚོགས་ཡོད་པ་དང་སྐབས་དེར་མདོ་ཁམས་ཀྱི་ས་གནས་ཁག་གི་དགོན་སྡེ་༥༠་ཡས་མས་ཤིག་ནས་དགེ་འདུན་པ་༥༤༠༠་ཙམ་འདུ་འཛོམས་ཐུབ་ཡོད་པ་མ་ཟད། མཚན་ཕུད་ཀྱི་དགོང་མོ་དེར་གྲྭ་མང་ནས་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྐུ་པར་གདན་འདྲེན་ཞུས་ནས་སེར་སྐྱ་མི་མང་གིས་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་མཇལ་དར་ཕུལ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
ཡིན་ནའང་ལི་ཐང་རྫོང་གི་ས་གནས་གཞུང་གི་ལས་སྣེ་ཚོས་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོར་རྔ་བ་ཀིརྟི་དགོན་པའི་དགེ་འདུན་རྣམས་གདན་འདྲེན་ཞུ་མི་ཆོག་པ་དང༌། ཆོས་ལུགས་ཀྱི་འདུ་འཛོམས་དེར་གྲྭ་བ་སྟོང་ཕྲག་གཅིག་ལས་ལྷག་འདུ་འཛོམས་བྱེད་མི་ཆོག་ཅེས་བའི་བཙན་བཀའ་བཏང་ཡོད་པ་རེད།
ཕྱི་ལོ་༢༠༡༢ལོར་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་རྟའུ་ཉི་མཚོ་དགོན་པར་ཚོགས་གཏན་ཁེལ་ཡོད་ནའང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་ཚོགས་ཐུབ་མེད་པ་ཞིག་རེད་འདུག
གསར་འགོད་པ་སྐལ་བཟང་སྒྲོལ་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།