choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་དུ། ཁམས་བྲག་མགོ་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཚེ་དབང་གྲགས་པ་ལགས་ཕྱི་ལོ་༢༠༡༣ ཟླ་ ༦ ཚེས་ ༥ ཉིན་བཙོན་ཁང་ནས་དངོས་སུ་གློད་གྲོལ་ཐོབ་ཡོད་པ་རེད་འདུག

དེ་ཡད་ཕྱི་ལོ་༢༠༠༨ཟླ ༦ཚེས་༦ ཉིན་མོར་ཁམས་བྲག་མགོ་ཁུལ་དུ་ཁམས་བྲག་མགོ་རྫོང་ནས་ཡིན་པའི་ཚེ་དབང་གྲགས་པ་དང་། མི་ཉག་ནས་ཡིན་པའི་ཐུབ་བསྟན་རྒྱ་མཚོ། ཡུལ་ཤུལ་རྫ་བསྟོད་རྫོང་ནས་ཡིན་པའི་གྲྭ་བྱང་ཆུབ་ཉི་མ་བཅས་བོད་མི་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་བོད་ས་ཡོངས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བཞིན་ཁོང་གསུམ་གྱིས་ཀྱང་བྲག་མགོ་རྫོང་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐད་འབོད་བྱེད་དགོས་དོན་གཙོ་བོ་ནི་སྤྱིར་བོད་ལ་རང་བཙན་ཐོབ་ཆེད་དང་།་ དེ་བཞིན་དཔལ་འབྱོར་དང་ཆོས་ལུགས་། ཆབ་སྲིད་སོགས་ཀྱི་རང་དབང་མེད་པའི་རྐྱེན་གྱིས་སྐད་འབོད་བྱས་པ་ཞིག་རེད་འདུག

རྒྱ་གཞུང་གིས་ཁོང་གསུམ་འཛིན་བཟུང་བྱས་རྗེས་བྲག་མགོ་རྫོང་དུ་ཟླ་གཅིག་རིང་བཀག་ཉར་དུ་བྱས་ཡོད་པ་དང་། དེའི་རྗེས་དར་རྩེ་མདོའི་བཙོན་ཁང་དུ་ཁྲིད་ནས་བཀག་ཉར་བྱས་པ་མ་ཚད་ཉེས་རྡུང་ཚབ་ཆེན་བཏང་ཡོད་འདུག སྐབས་དེར་བྱང་ཆུབ་ཉི་མར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་དང་། ཐུབ་བསྟན་རྒྱ་མཚོར་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད། ཚེ་དབང་གྲགས་པར་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་བཅས་བཅད་རྗེས། ཆབ་སྲིད་བཙོན་པ་མང་ཆེ་བ་བཀག་ཉར་བྱ་སའི་ཟི་ཁྲོན་ཞིང་ཆེན་དུ་ཡོད་པའི་དན་ཡོ་དན་གོ་ཞེས་པའི་ས་གནས་སུ་ད་བར་བཀག་ཉར་བྱས་ཡོད་པ་དང་། བཙོན་ཁང་དེར་ཆབ་སྲིད་བཙོན་པ་དག་ལ་དམིགས་བསལ་གྱིས་ལས་ཀ་དམག་མིའི་ལྷམ་ཚེམ་དུ་བཅུག་པ་སོགས་ལས་ཀ་སྡུག་ཚད་བྱེད་དགོས་ཀྱི་ཡོད་སྟབས་ཁོང་རྣམ་པ་གསུམ་ཡང་བཙོན་ཁང་དེར་བཀག་ཉར་བྱས་རིང་དཀའ་སྡུག་ཚད་ལས་བརྒལ་པ་མྱངས་ཡོད་འདུག ཕྱི་ལོ་ ༢༠༡༣ ཟླ་ ༦ པའི་ཚེས་ ༥ ཉིན་ཚེ་དབང་གྲགས་པ་ལགས་བཙོན་གྲོལ་ཐོབ་ཡོད་པ་བཅས་ཡིན་འདུག  
གསལ་འགོད་པ་དོན་འགྲུབ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།