གསར་འགྱུར་གསར་པ།:

དགོངས་ཚུལ།

བོད་ནང་གི་གསར་འགྱུར།

གསེར་རྟ་རུ་བོད་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཁ་སང་ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང༌། སྐབས་དེར་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

བསམ་ཚུལ། (1)
 

རྒྱ་གཞུང་གི་ཡ་ང་བའི་དྲག་གནོན་འོག་གི་གསེར་རྟ་མི་མང་།

མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༨༠༠)

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཟླ་དང་པོའི་ཚེས་༢༤ཉིན། མདོ་ཁམས་གསེར་རྟ་རྫོང་དུ་བོད་མི་བརྒྱ་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱེད་སྐབས་རྒྱ་གཞུང་གིས་ཆེད་མངགས་བྱས་པའི་དྲག་ཆས་དམག་དཔུང་གིས་བོད་མི་དམར་གསོད་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུག་རྩུབ་ཆེན་པོས་རྡུང་རྡེག་ཡ་ང་བ་བཏང་ཏེ་བཙན་འཁྲིད་བྱས་པའི་པར་འདྲ་འགའ་ཕྱི་ཕྱོགས་སུ་འབྱོར་འདུག

   

རྒྱ་གཞུང་གིས་ཁྲན་ཏུའུ་རུ་བོད་ཁྲོམ་ལ་དམ་དྲག་བྱེད་བཞིན་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཉེ་སྔོན་རྒྱ་མིའི་ལོ་གསར་གནམ་གང་དགོང་མོ་ནས་རྒྱ་ནག་ཁྲན་ཏུའུ་གྲོང་ཁྱེར་གྱི “武侯伺”ཞེས་འབོད་པའི་བོད་མི་ཁྲི་འགའ་ཞིག་འདུས་སྡོད་བྱེད་པའི་ཁྲོམ་ནང་དུ། ཉེན་རྟོག་པ་དང་དམག་མི་འབོར་ཆེན་གསར་འབྱོར་བྱས་ཏེ། བོད་མི་རྣམས་ཀྱི་མིག་ལམ་དུ་དམག་རྩལ་དང་དམག་རྫིག་བྱེད་ཀྱི་ཡོད་ཅིང༌། ལྷག་ཏུ་ཚེས་གཉིས་ནས་བཟུང་སྟེ།

 

   

ད་དུང་འཛིན་བཟུང་དགོས་པའི་མི་བཞི་བརྒྱ་ཡོད་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༩ཉིན་གྱི་ཞོགས་པར་ཁམས་བྲག་འགོ་ནས་འོང་བའི་རླངས་འཁོར་ཁ་ལོ་བ་འགའ་ཞིག་ལས་ཤེས་གསལ་ལྟར་ན། ད་ཆ་བྲག་འགོ་རྫོང་དུ་དྲག་ཆས་དམག་མི་ཤིན་ཏུ་མང་བོ་འབྱོར་ཏེ། ཉེ་སྔོན་འོས་ལངས་བྱས་པའི་བོད་མི་རྒན་དར་གཞོན་གསུམ་ལྔ་བཅུ་ལྔ་བརྒྱད་ཡོད་པ་དག་ལས་མང་ཤོས་ཤིག་ཁྲིམས་ཁང་དུ་བཙན་བཟུང་བྱས་ཚར་བ་དང༌།

   

མདོ་སྟོད་ཁུལ་གྱི་རྩོམ་པ་པོ་ཁག་ཅིག་གི་འབོད་སྐུལ།

མཐའ་མའི་བསྐྱར་བཅོས། (༠༡༢༠༡༢༡༤༡༥)

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡ཉིན། རྒྱ་ནག་ཁྲིན་ཏུའུ་རུ་མདོ་སྟོད་ཁུལ་གྱི་རྩོམ་པ་པོ་ཁག་ཅིག་འདུ་འཛོམས་ཀྱིས་བོད་ནང་མེར་བསྲེགས་བཏང་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱལ་སྤྱིའི་ཐོག་ཐུགས་སྣང་དགོས་པའི་འབོད་སྐུལ་གནང་འདུག

   

བོད་མི་གནས་སྐོར་བ་བརྒྱ་ལྷག་རྒྱ་ནག་ནང་བཙན་འཁྲིད་བྱས་འདུག

མཐའ་མའི་བསྐྱར་བཅོས། (༠༡༢༠༡༢༡༣༢༡)

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡ཉིན། ཕྱི་ཚེས་༣༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ཙམ་ལ། ལྷ་སའི་མེ་འཁོར་བབས་ཚུགས་ནས་བོད་མི་བརྒྱ་ལྷག་ཙམ་དྲག་ཆས་དམག་མིས་མཐའ་བསྐོར་ནས་མེ་འཁོར་ནང་བླུགས་ཏེ་རྒྱ་ནག་ཕྱོགས་སུ་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་འདུག

   

རྒྱ་དམག་གིས་ཨོ་རྒྱན་ལགས་ལ་མེ་མདས་བརྒྱབ་སྟེ་བསད་འདུག

མཐའ་མའི་བསྐྱར་བཅོས། (༢༧༢༠༡༢༡༦༥༤)

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༧ཉིན། ཟླ་འདིའི་ཕྱི་ཚེས་༢༦ཉིན། རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ནས་རྒྱ་གཞུང་གིས་བོད་མི་རང་ལོ་༢༠ཡིན་པ་ཨོ་རྒྱན་ལགས་མེ་མདས་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག

   

འཛམ་ཐང་རྫོང་དུ་བོད་མི་༡༠༠༠ཙམ་གྱིས་མར་མེ་ཁྲོམ་སྐོར་བྱས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༧ཉིན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ན་འཛུ་སྨད་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང༌། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་

   

བོད་ཁམས་སོག་རྫོང་དུ་བོད་མི་གཉིས་འཛིན་བཟུང༌བྱས་འདུག

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ་༠༡ཚེས་༢༦ཉིན། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་༡ ཚེས་༡༥ ཉིན་བོད་ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་ཆོས་དབྱིངས་བློ་རྒྱལ་དང་ཆོས་དཔལ་ཟླ་བ་ཟེར་བ་གཉིས་སོག་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག
   

གསར་གནས་དེ་ལས་མང་བ།

ཤོག་ངོས། 1 ནས། 50