བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དུས་དབང་སྐབས་ཀྱི་ཁོར་ཡུག་སྡེ་ཚན་ལ་བཅར་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༧ཉིན་སྤེལ། རྡོར་གདན། འདི་ག་གསར་ཁང་གིས་དུས་དབང་སྐབས་ཀྱི་ཁོར་ཡུག་གཙང་བཟོ་སྡེ་ཚན་གྱི་འགན་འཛིན་ལ་བཅར་འདྲི་བྱས་པར་རྒྱ་གར་དང་བོད་མི་གཉིས་མཉམ་སྡོམས་ཀྱིས་ཁོར་ཡུག་གཙང་བཟོ་དང་བླངས་བྱེད་མཁན་༢༠༠ཙམ་ཡོད་པར་བརྗོད་སོང་།

Tibet-Clenner-2017༡༑ ཐོག་མར་ཁྱེད་རང་ངོ་སྤྲོད་དང་སྦྲགས་ཁོར་ཡུག་སྡེ་ཚན་སྐོར་ནས་མདོ་བསྡུས་ཤིག་གསུང་རོགས།
ངའི་མིང་ལ་ཟླ་བ་རིན་ཆེན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དབང་གོ་སྒྲིག་གནང་པ་ལས་ང་གོ་སྒྲིག་ཚོགས་ཆུང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཡིན། ང་ཚོའི་ཁོ་ཡུག་སྡེ་ཚན་ནི་རྒྱ་གར་གྲོང་སྡེ་ཡི་ཁོར་ཡུག་སྡེ་ཚན་དང་ཐད་ཀར་འབྲེལ་བ་བྱས་ཏེ། ཁོ་རང་ཚོས་མཐུན་འགྱུར་སྦྱར་ཐུབ་ཚོད་ཅིག་སྦྱར་གྱི་ཡོད། གཙོ་བོ་མཐོ་སློབ་ཀྱི་སློབ་མ་དང་བླངས་ཞབས་ཞུ་བ་མང་པོ་ཞིག་དང་རྒྱ་གར་གྱི་ནང་པའི་མཐུན་ཚོགས་ཀྱི་ཞབས་ཞུ་བ་ཁག་ཅིག་བཅས་རྒྱ་གར་དང་བོད་པ་སྦྲགས་མ་༢༠༠ཙམ་ཡོད།

༢༑ གཙང་བཟོ་བྱེད་པའི་ས་གནས་གང་དང་གང་ཡིན་ནམ།
ང་ཚོས་གཙང་བཟོ་བྱེད་ས་གཙོ་བོ་ནི་གསུང་ཆོས་ར་བ་དང་། དེ་མིན་གསུང་ཆོས་ལ་སླེབས་པའི་མི་མང་བཞུགས་སའི་སྡོད་གུར་ག་བར་ཡོད་པ་དེར་གཙང་བཟོ་བྱེད་ཀྱི་ཡོད། (སྡོད་གུར་ནི་མ་གྷ་ངྷ་མཐོ་སློབ་དུ་མི་ཁྲི་ལྷག་ཤོང་བའི་སྡོད་གུར། ནེ་རེན་ཇ་ན་རུ་སྣེ་ལེན་ཁང་དང་། སྡོད་གུར་དང་པོ་དང་གཉིས་པའི་ནང་དུ་གྲྭ་ཚང་ཁག་གི་གྲྭ་བ། ཧི་མ་ལའི་རི་རྒྱུད་ནས་ཕེབས་པ་བཞུགས་ཀྱི་ཡོད། བཀའ་བརྒྱུད་སྨོན་ལམ་ཚོགས་སར་མི་བཞི་སྟོང་ལྷག་ཅིག་ལ་སྡོད་གནས་དང་ཁ་ལག་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་ཐོག་ལ་རྒྱལ་བ་ཀརྨ་པ་མཆོག་གིས་མཐུན་རྐྱེན་རོགས་རམ་སྦྱར་ཡོད། )
ཁོར་ཡུག་གཙང་བཟོ་བས་གསུང་ཆོས་གྲུབ་ཚར་རྗེས་གཙང་མ་བཟོ་བ་དང་། མི་མང་གི་སྡོད་གུར་གཡས་གཡོན་ལ་ཞོགས་པ་སྔ་བོ་དང་དགོང་མོ་བཅས་སུ་གཙང་མ་བཟོ་བ། མང་ཇ་གཏོང་ས་བཅས་སུ་ང་ཚོས་གཙང་མ་བཟོ་ཡི་ཡོད། འདི་ཡི་ས་གནས་གྲོང་སྡེ་ལས་ཁུངས་ནས་ལམ་གཞུང་དང་ཁྲོམ་ར། ཁོར་ཡུག་སྤྱི་ཡོངས་སུ་ཁོ་ཚོས་འགན་ཁུར་གནང་ནས་གཙང་མ་བཟོ་བཞིན་ཡོད་པ་རེད།

༣༑ དང་བླངས་ཞབས་ཞུ་བར་ཁྱོད་ཚོ་གོ་སྒྲིག་ཚོགས་ཆུང་ངོས་ནས་མཐུན་འགྱུར་ག་ཚོད་ཅིག་སྦྱར་གྱི་ཡོད།
དང་བླངས་བ་ཚོ་ཁག་ཅིག་ལ་སྡོད་གུར་གྱི་མཐུན་འགྱུར་ཕུལ་ཐུབ་པ་ལ་ཕུལ་ཡོད། མང་ཆེ་བ་ཞིག་ལ་སོ་སོའི་དང་བླངས་གི་སྒང་ནས་འགྲོ་བཞིན་ཡོད་པ་རེད། ཁ་ཐུག་གིས་ཞུས་པ་ཡིན་ན་དང་བླངས་པ་ཚོར་མཐུན་འགྱུར་བསྐྲུན་གྱི་མེད། སོ་སོའི་ངོས་ནས་འགྲོ་སོང་གཏོང་གི་ཡོད་པ་རེད།

༤༑ ཁྱེད་རང་ངོས་ནས་མི་མང་གིས་ཁོར་ཡུག་ལ་དོ་སྣང་བྱེད་པའི་གོ་རྟོགས་ཅི་འདྲ་འདུག
མི་མང་ཚོས་ཁོར་ཡུག་གི་གནད་དོན་ཐོག་གང་ལ་གང་འཚམས་གོ་རྟོགས་ཡག་པོ་ཞིག་མེད་འགྲོ་བསམ། སྔོན་མའི་དུས་དབང་སྐབས་དང་བསྡུར་ན་ད་ལྟའི་སྐབས་འདི་ཡར་རྒྱས་སོང་ཡོད་པ་མཐོང་གི་འདུག དེ་མིན་ད་རེས་མི་ཚོགས་སྔོན་མ་ལས་ཉུང་བས་ན་གཙང་སྦྲ་སོགས་ཀྱི་ཐོག་ཡག་པོ་ཆགས་ཀྱི་ཡོད་པ་རེད། གསང་སྤྱོད་བེད་སྤྱོད་བྱེད་སྟངས་སུ་གནད་དོན་ཅུང་ཙམ་བྱུང་གི་འདུག རྒྱུ་མཚན་ནི་ལུང་ཁོག་ནས་ཕེབས་པ་རྣམས་ཀྱིས་གསང་སྤྱོད་བེད་སྤྱོད་གཏོང་ཤེས་ཀྱི་མི་འདུག་པའི་རྐྱེན་གྱིས་དཀའ་ངལ་འཕྲད་ཀྱི་འདུག ཡིན་ནའང་། དེ་ནི་བརྒྱ་ཆའི་ཉུང་ཉུང་རེད།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།