བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཁྱོད་ཚོས་ག་རེ་བྱས་ནས་རྒྱ་གཞུང་ལ་མགོ་མི་སྒུར་བར་ངོ་ལོག་རྒྱག་དགོས་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༦ཉིན་སྤེལ། དུས་དབང་སྟབས་བསྟུན་གྱིས་བོད་ཀྱི་འགྲེམ་སྟོན་ཁང་གིས་འགྲེམ་སྟོན་བྱས་ཡོད་པར་འདི་གསར་ཁང་གི་གསར་འགོད་པས་པར་རིས་འགྲེམ་སྟོན་གྱིས་མི་མང་ལ་རོགས་ཕན་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་པ་ཡིན།

༡༈ སྐུ་ཉིད་ངོ་སྤྲོད་དང་སྦྲགས་པར་རིས་འགྲེམ་སྟོན་འདིའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།
Tibet-Mucim--2017ངའི་མིང་ལ་བཀྲ་ཤིས་ཕུན་ཚོགས་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་ཡིན། ངྷ་སའི་གཙུགས་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམ་སྟོན་ཁང་གི་ཆ་ཤས་ཤིག་སྐོར་བསྐྱོད་པར་རིས་འགྲེམ་སྟོན་བྱེད་ཀྱི་ཡོད་པ་དང་། དུས་དབང་དང་སྟབས་བསྟུན་གྱིས་ང་ཚོས་རྡོ་རྗེ་གདན་འདིར་པར་རིས་ཁག་གསུམ་གྱི་འགྲེམ་སྟོན་བྱས་ཡོད། བརྗོད་གཞི་དང་པོ་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་རྣམ་པར་རིས་བརྒྱུད་དེ་ངོ་སྤྲོད་དང་། བརྗོད་གཞི་གཉིས་པ་ནི། ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱས་པ། བརྗོད་གཞི་གསུམ་པ་ནི། རང་ལུས་མེར་བསྲེགས་སྐོར་ཡིན། འདི་ག་གསུམ་རྒྱུ་མཚན་བྱས་ཏེ་འགྲེམ་སྟོན་བྱེད་ཀྱི་ཡོད་ཅིང་། རིང་ཐུང་མི་ཚད་འབྲིང་ཞིག་ལོན་པའི་ཚད་གཞི་གཅིག་པའི་པར་རིས་༡༠༥ལྷག་ཡོད། རེ་རའི་ནང་ལོག་ཏུ་པར་གྱི་གྲངས་ཀ་གཏན་འཁེལ་མེད་ཀྱང་། ཁྱོན་སྡོམས་པར་རིས་༣༥༠ལྷག་ཡོད།

༢༈ འགྲེམ་སྟོན་འདི་ནི་ག་དུ་འགོ་བཙུགས་དང་ཉིན་གྲངས་ག་ཚོད་བར་དུ་འགྲེམ་རྒྱུ་ཡིན།
འགྲེམ་སྟོན་འདི་ནི་ད་རེས་ཀྱི་ཚེས་༢ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་དབུ་འབྱེད་གནང་ཞིང་དུས་དབང་གི་ཉིན་མཐའ་མ་བར་དུ་སྒོ་འབྱེད་བྱེད་ཀྱི་ཡིན། འགྲེམས་སྟོན་བྱེད་སའི་ས་ཆ་ནི་གཞུང་ལམ་འགྲམ་དང་མཆོད་རྟེན་ལ་ཕེབས་ལམ། མི་རིགས་འདྲ་མིན་ཕེབས་ས་ཞིག་ཏུ་འཁེལ་བས་ན། འགྲེམས་སྟོན་ཁང་དུ་ཕེབས་མཁན་ཚང་མས་པར་རིས་འགྲེམས་སྟོན་འདིས་བོད་ཀྱི་ལོ་རྒྱུས་ཆ་ཚང་ཞིག་མཚོན་ཐུབ་ཀྱི་འདུག་ཅེས་ལབ་མཁན་མང་པོ་འདུག བོད་ནས་སླེབས་མཁན་རྣམས་ཀྱིས་་གནས་ཚུལ་འདི་འདྲ་དངོས་ནས་ཡོང་གི་ཡོད་པ་དང་ང་ཚོས་དངོས་སུ་མཐོང་གི་ཡོད་ཅེས་ཐུགས་ཕམ་ངང་བརྗོད་མཁན་ཀྱང་འདུག དེ་བཞིན་རྒྱ་གར་བ་ཕེབས་མཁན་རྣམས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་གྱིས་བོད་ནང་དུ་རྒྱ་མིས་སྡུག་སྦྱོང་མནར་གཅོད་བཏང་ཡོད་པས་ན། ང་ཚོས་ཁྱོད་ཚོར་རྒྱབ་སྐྱོར་ག་རེ་བྱེད་དགོས་ཀྱི་འདུག་སོགས་གསུངས་མཁན་མང་པོ་ཞིག་ཡོང་བསྡད་ཀྱི་འདུག

༣༈ ད་རེས་ཀྱི་འགྲེམ་སྟོན་འདི་ནི་གཟིགས་མོ་བ་མང་ཤོས་ཀྱི་འགྲེམ་སྟོན་ཞིག་ཆགས་ཀྱི་ཡོད་དམ།
Tibet-Mucim-2017དེ་སྔ་ང་ཚོས་གཞི་ཆགས་དང་སློབ་གྲྭ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་གི་དུས་སྟོན་སོགས་སུ་བཅར་རྐྱང་བྱེད་ཀྱི་ཡོད་པ་རེད་མོད། ད་རེས་ཀྱི་དུས་དབང་སྐབས་འདིར་འགྲེམ་སྟོན་བྱས་པ་ནི་མི་ཚོགས་མང་ཤོས་ཤིག་ཆགས་ཡོད་པ་རེད་ལ། ཉིན་གྲངས་༡༤རིང་ལ་འབུམ་གཅིག་ལྷག་ཅིག་གིས་གཟིགས་ཐུབ་པར་ང་ཚོས་རེ་བ་རྒྱག་གི་ཡོད།

༤༈ འགྲེམ་སྟོན་ཁང་འདིའི་སྒོ་འགྲམ་གྱི་དེབ་དེ་རིགས་ཀྱིས་ག་རེ་བྱེད་ཀྱིན་ཡོད་དམ།
ཕྱི་ལོག་གི་དེབ་དེར་རིགས་ལ་ཕྱོགས་གཉིས་ཡོད། གཅིག་ནི་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་དབྱིན་ཇི་བོད་ཡིག་ཏུ་བསྒྱུར་བ་དེ་དང་རྒྱ་ཡིག་དཔེ་དེབ་ཁག་ནི་རིན་མེད་ཕུལ་གྱི་ཡོད། གཉིས་པ་ནི་ང་ཚོའི་འགྲེམ་སྟོན་གྱི་བརྗོད་གཞི་དང་འབྲེལ་བའི་པར་དེབ་ཁ་ཤས་ཤིག་འགྲེམ་སྟོན་བྱས་ཡོད་པ་དེ་ཚོ་ནི། ཁེ་སང་མེད་པའི་ཐོག་ནས་པར་སྐྲུན་གྱི་རིན་ཙམ་གྱིས་མི་མང་ལ་ཚོང་འགྲེམ་བྱེད་ཀྱི་ཡོད་ཅིང་། གཅོ་བོ་ནི་ཚང་མར་སྤྲད་པ་ཡིན་ན་ཚང་མས་ལེན་གྱི་འདུག་མོད། དོ་སྣང་ཡོད་མཁན་དང་ཡི་གེ་ཀློག་ཤེས་མཁན་ཚོའི་ཆེད་དུ་གོང་བཅག་བྱས་ཏེ་བཙོང་གི་ཡོད།

༥༈ འགྲེམས་སྟོན་ཁང་དུ་མི་རིགས་འདྲ་མིན་མང་པོ་གཟིགས་མོར་ཕེབས་ནས་པར་རིས་ལས་འཕྲོས་པའི་དྲི་བ་གལ་ཆེན་ག་རེ་བྱུང་སོང་།
སྤྱིར་བཏང་ང་ཚོས་པར་རིས་འགྲེལ་བཤད་སྐད་ཡིག་གསུམ་ནང་དུ་ཞུས་ཡོད་མོད། དེར་འཕྲོས་ཀྱིས་དྲི་བ་སླེབས་མཁན་རྣམས་ཀྱིས་བཙན་བྱོལ་བོད་གཞུང་དང་སྲིད་བྱུས། བོད་ནང་གི་གནས་སྟངས་སོགས་ཀྱི་ཐོག་དྲི་བ་བཀོད་མཁན་མང་པོ་འདུག དྲི་བ་དེ་དག་ལས་རྒྱ་མིས་བོད་ནི་ག་རེ་བྱས་ནས་བཙན་འཛུལ་བྱེད་ཀྱི་ཡོད་པ་རེད། ག་རེ་བྱས་ནས་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་རེད། རྒྱ་མིས་བོད་ནང་ཡར་རྒྱས་ཆེན་པོ་བཏང་ཡོད་ལབ་ཀྱི་འདུག་པས་ན། ཁྱོད་ཚོས་ག་རེ་བྱས་ནས་རྒྱ་ནག་གཞུང་ལ་མགོ་མི་སྒུར་བར་ངོ་ལོག་རྒྱག་དགོས་རེད་སོགས་ཀྱི་དྲི་བ་མང་པོ་ཡོང་གི་འདུག་པ་དེར་ང་ཚོས་ངོ་སྤྲོད་དང་དྲིས་ལན་གདབ་ཀྱི་ཡོད།

གསར་འགོད་པ་ཆོས་ཉིད་ནས་རྡོར་གདན་དུ་བཅར་འདྲི་ཞུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།