བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བཅར་འདྲི་རྐྱང་པའི་དཔེ་དེབ་གསར་བ་ཞིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༠༧ཉིན་སྤེལ། ༼ཡུལ་དངོས་བཅར་འདྲི།༽ཞེས་པའི་བཅར་འདྲི་རྐྱང་པའི་དཔེ་དེབ་ཞིག་བོད་ཀྱི་སྐད་ཡིག་སྟེང་ནས་པར་འགྲེམས་བྱས་ཡོད་ལ།

 
འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས་༼ཡུལ་དངོས་བཅར་འདྲི།༽ཞེས་པའི་དཔེ་དེབ་ཞིག་སྟེ། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་ངྷ་རམ་ས་ལའི་གཞུང་དང་གཞུང་འབྲེལ་མིན་པ། མི་སྒེར་བ་བཅས་སུ་བཅར་འདྲི་བྱས་པ་ཞིག་བོད་ཀྱི་སྐད་ཡིག་སྟེང་ནས་པར་འགྲེམས་བྱས་ཡོད་ལ། བཅར་འདྲིའི་དཔེ་དེབ་འདིར་བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་སྤྱི་དང་བཀའ་བློན་རྣམས་དང་། བཀའ་ཤག་སྐབས་བཅོ་ལྔ་བའི་སྲིད་སྐྱོང་འོས་མི་རྣམས་ལ་ཁྱབ་མཉམ་གྱི་བཅར་འདྲི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཆབ་སྲིད་བཙོན་ཟུར་ཁག་གཅིག་ལ་བོད་དོན་ཆེད་འཐབ་རྩོད་ཀྱི་ཕྱག་ལས་ཇི་ལྟར་གནང་སྐོར་སོགས་བཅར་འདྲི་༣༠ལྷག་གིས་གྲུབ་ཡོད།  དེབ་ཀྱི་ནང་དུ་སྡེ་ཚན་ཆེ་ཁག་ལྔ་རུ་བགར་ཏེ། ༡ ༽ བཀའ་སྤྱི། ༢༽ བློན་ཆེན་ལས་ཁུངས་ཁག ༣ ༽གཞུང་འབྲེལ་མིན་པའི་ཚོགས་པ་ཁག ༤༽ ༢༠༡༦ལོའི་སྲིད་སྐྱོང་འོས་མི་ལྔ། ༥༽ ཆབ་སྲིད་བཙོན་ཟུར་བཅས་ཀྱིས་གྲུབ་ཡོད།

ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པ་ལྟར་བཅར་འདྲིའི་དྲི་བ་ཁག་བཀོད་བསྒྲིགས་ཞུ་སྟངས་ཀྱང་ལས་ཀྱི་སྣེ་མོ་བ་རྣམ་པས་གང་བསྒྲུབས་ཟིན་པའི་ལས་དོན་ཁག་གི་འབུར་ཐོན་གྲུབ་འབྲས་གང་ཡོད་ཤེས་ཐབས་གཙོ་བོར་དམིགས་ཡོད་ལ། ལྷག་པར་དུ་གལ་གནད་ཆེ་བའི་ལས་དོན་འགའ་བསྒྲུབ་ཐུབ་མེད་པའི་འགོག་རྐྱེན་དང་རྒྱུ་མཚན་གསལ་པོ་རགས་ཐབས། དེ་བཞིན་སྲིད་སྐྱོང་གི་འོས་མི་རྣམས་ལའང་དངོས་ཡོད་དང་གནས་བབས་གཉིས་ཀའི་ཐོག་ནས་མ་འོངས་སྲིད་སྐྱོང་དུ་སླེབས་ན་གལ་གནད་ཆེ་བའི་ལས་དོན་གང་བསྒྲུབ་འཆར་ཡོད་མེད་ཙམ་མིན་པར་འོས་མི་གཞན་དང་མི་འདྲ་བར་ལས་དོན་གང་གནང་ཐུབ་མིན་སོགས་ཚུད་ཡོད། གང་ལྟར་དེང་དུས་རྒྱུན་འབྱམས་སུ་སོང་བའི་ཤེས་མདོག་བཟང་མདོག་གི་དྲི་ལན་ལས་ལྡོག་སྟེ་དྲི་བའི་སྟོབས་ཤུགས་ལ་བརྟེན་ནས་གང་ཤེས་རྟོགས་ཐུབ་དགོས་པ་དེ་དག་མིང་ཚིག་ཚུན་ཡང་དངོས་སུ་བེད་སྤྱོད་གཏོང་གང་ཐུབ་ཞུས་ཡོད། དེར་བརྟེན་དཔེ་དེབ་འདིར་གཏོགས་ལས་མི་ཡོངས་ཀྱིས་མཉམ་གཉེར་འབད་རྩོལ་གཅིག་ཐོག་གཉིས་སྣོན་གྱི་གྲུབ་འབྲས་རྡོག་པོ་ཡིན་བསམས་ཡོད།

བརྡ་འཕྲིན་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་སྟེ། བཅར་འདྲིའི་རིགས་གང་ཡིན་ཡང་ཉར་སྟངས་སྣ་ཚོགས་ཤིག་མཆིས་མོད། ང་ཚོས་བཅར་འདྲི་ཡིག་ཕབ་བྱས་ཤིང་དེབ་གཟུགས་སུ་བཀོད་ཅིང་། བཅར་འདྲིའི་རིགས་བགར་སྟངས་ལས་བྱེའུ་གཤད་གཅོད་ཀྱི་བཅར་འདྲི་བྱེད་ཐབས་(དམིགས་སུ་བཟུང་ནས་བཅར་འདྲི་བྱེད་པ།)བཀོད་པ་དང་།  དེ་ཡང་མི་སྣའི་སྐད་ཆ་ཇི་བཞིན་སོར་བཞག་བྱས་པ་ལས་ཡིག་ཕབ་པའི་ངོས་ནས་རྟོགས་བཟོ་བྱས་མེད་ལ། རྒྱུ་མཚན་ནི་མི་སྣའི་སྐད་ཆ་དངོས་ལ་མི་རང་ཉིད་ཀྱི་ཁྱད་ཆོས་བག་ཚ་བས་ན། གསར་འགྱུར་འགོད་མཁན་གྱིས་མདོར་བསྡུས་བྱས་པ་ལས་གསོན་ཉམས་བཏོད་པ་ཡིན།


རྒྱ་ཆེའི་བོད་རིགས་ཀློག་པ་པོ་རྣམས་ཀྱིས་༼ཡུལ་དངོས་བཅར་འདྲི།༽ཞེས་པའི་དེབ་འདི་བླུ་འདོད་ཡོད་ན། འབྲེལ་གཏུགས་བྱེད་སའི་ཞལ་པར་ཨང་གྲངས་ནི། 9857973325/9418143289

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།