བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སྤོ་ལོ་རྩེད་ཐང་མ་རག་པའི་དཀའ་ངལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༦།༡༦ཉིན་སྤེལ། བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པས་སུ་ཝེ་རྫིར་ལན་ཌི་ནས་ཕེབས་པའི་བསྟན་འཛིན་ལགས་ཀྱིས་གོ་སྒྲིག་བྱས་པའི་སྤོ་ལོ་འགྲན་བསྡུར་ནང་། འགྲན་ཞུགས་རུ་ཁག༡༤ཡོད་པ་དེའི་སྐོར་གྱི་བཅར་འདྲི་ཞུས་པ་གཤམ་དུ་གསལ།

འདི་ཟླའི་ཚེས་༡༢་ནས་༡༣བར་གྱི་ཉིན་གཉིས་རིང་སུ་ཝེ་རྫིར་ལན་ཌི་(switzerland)ནས་སླེབས་པའི་བསྟན་འཛིན་ལགས་ཀྱིས་གོ་སྒྲིག་བྱས་ཏེ་སྤོ་ལོ་འགྲན་བསྡུར་བྱས་ཡོད་པ་དང་། འགྲན་ཞུགས་རུ་ཁག་༡༤ཡོད་པའི་ནང་ནས་ཨང་དང་པོ། འབྲོག་པ་རུ་ཁག ཨང་གཉིས་པ། སྨན་རྩིས་ཁང་མཐོ་སློབ་རུ་ཁག ཨང་གསུམ་པ། གངས་རུ་ཁག་བཅས་རེད།

༡ ཁྱེད་རང་གི་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས།
༢༠༠༠༩ ལོར་ང་རང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་། ངའི་མིང་ལ་བསྟན་འཛིན་ཟེར་ཞིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་ཤིག་ལ་སློབ་སྦྱོང་བྱས་པ་ཡིན། དེ་ནས་ལོ་གསུམ་ཞིག་གི་སྔོན་ནས་switzerlandལ་སོང་ནས་ད་ལྟ་ཉིན་༢༠ལྷག་ལ་གུང་གསེང་དུ་རྒྱ་གར་ངྷ་སར་ཡོང་བ་ཡིན།

༢ ཁྱེད་རང་ལ་རྩེད་འགྲན་འདི་གོ་སྒྲིག་བྱེད་རྒྱུའི་བསམ་བློ་ཇི་ལྟར་འཁོར་སོང་ངམ།
ང་རང་ལག་རྩེད་སྤོ་ལོ་རྩེད་པར་ཧ་ཅང་དགའ་བོ་ཡོད་པ་དང་སློབ་གྲྭའི་ནང་དུ་ནམ་རྒྱུན་སྤོ་ལོ་རྩེད་བཞིན་ཡོད། ཕར་སུ་ཝེ་རྫིར་ལན་ཌི་སོང་བ་ནས། རང་ཉིད་ཀྱི་རྩེད་མོ་རྩེད་རོགས་རྣམས་དྲན་གྱིན་འདུག་པས། ང་རང་རྒྱ་གར་ལ་ཐོན་དུས་རོགས་པ་རྣམས་དང་མཉམ་དུ་རྩེད་མོ་འདི་འདྲ་ཞིག་གོ་སྒྲིག་བྱས་ན་ག་འདྲ་འདུག་སྐོར་དྲིས་ནས། ཁོང་ཚོས་ཡག་པོ་རེད་ང་ཚོ་འཛུལ་ཞུགས་དང་རྒྱབ་སྐྱོར་བྱེད་ཟེར་བས་ན། རྒྱ་གར་བྱང་ཕྱོགས་ངྷ་སའི་ཉེ་འཁོར་གྱི་བོད་ཀྱི་ན་གཞོན་སྤོ་རྩེད་མཁན་གྱི་རུ་ཁག་ག་ཚོད་ཡོད་པ་ཚང་མར་བརྡ་ལན་སྤྲད་པ་ཡིན། 

༣ རྩེད་འགྲན་ནང་རུ་ཁག་ག་ཚོད་མཉམ་ཞུགས་གནང་ཡོད།
ད་ཐེངས་རྩེད་འགྲན་རུ་ཁག་༡༤མཉམ་ཞུགས་གནང་སོང་། རུ་ཁག་རྣམས་སུ་རྒྱན་རྒྱབ་ནས་མཐའ་མའི་རྟིང་རྩོད་ཐག་བཅད་བྱས་པ་ནི། ༡ སྨན་རྩིས་ཁང་དང་གྲང་རླུང་རུ་ཁག ༢ འབྲོག་པ་རུ་ཁག་དང་བོད་ཁྱིམ་རུ་ཁག ༣ གངས་རུ་ཁག་དང་གླག་རྒོད་རུ་ཁག ༤ བྷོ་ཊའི་སྙིང་སྟོབས་དང་བོད་སྐྱོབས། ༥ཤེས་རབ་དགའ་ཚལ་སློབ་གླིང་དང་འ་ནུ་རུ་ཁག ༦ ནོར་གླིང་མཐོ་སློབ་དང་ནོར་གླིང་སློབ་ཟུར། ༧ མི་རབས་གསར་བ་དང་རྩེ་དགའ་རུ་ཁག་བཅས་ཡིན། ཁོང་ཚོ་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ནས་དགའ་ཐག་ཆོད་ཀྱིས་མཉམ་ཞུགས་བྱས་སོང་། 

༤ སྤོ་ལོ་རྩེད་ཐང་རག་མིན་གྱི་དཀའ་ངལ་ག་རེ་འདུག
ད་རེས་ཡིན་ན། རྩེད་མོ་རྩེད་མཁན་མ་རག་པའི་དཀའ་ངལ་མི་འདུག རྩེད་མོའི་སྐབས་སུ་ནང་དུ་རྙོག་དྲ་སོགས་བྱུང་བའི་དཀའ་ངལ་མི་འདུག ང་ཚོའི་དཀའ་ངལ་ཆེ་ཤོས་དེ་ནི་སྤོ་ལོ་རྩེད་ཐང་མི་རག་པའི་དཀའ་ངལ་རེད།
ང་རང་སུ་ཝེ་རྫིར་ལན་ཌི་ནས་འདིར་ཡོང་སྐབས་སུ། གངས་སྐྱིད་དུ་སྤོ་ལོ་རྩེད་ཐང་སྐྱིད་པོ་ཞིག་རྒྱབ་ཡོད་པ་ཐོས་པས་ཧ་ཅང་དགའ་ཡོད། ཡིན་ནའང་། བློ་ཕམ་པ་ཞིག་ལ་རྩེད་ཐང་གི་ལྕགས་ཀོར་ཀོར་དེ་བླང་སོང་ནས་རྩེད་ས་མི་འདུག
དེ་བས་ཤེས་རབ་དགའ་ཚལ་སློབ་གླིང་གི་རྩེད་ཐང་དུ་སོང་སྐབས། ང་ཚོས་སློབ་སྤྱི་ལ་སྤོ་ལོའི་རྩེད་ཐང་གཡར་བའི་ཆོག་མཆན་སྔོན་དུ་མ་ཞུས་པའི་རྐྱེན་གྱིས་ཉིན་གཅིག་ཏུ་མ་གཏོགས་རྩེད་ཐང་གཡར་མ་སོང་། ཉིན་གཉིས་པ་དེ་ལ་ཀ་ཅ་རིའི་ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་མཐོ་སློབ་ཞིག་གི་སྤོ་ལོ་རྩེད་ཐང་དུ་སོང་སྐབས་ཡང་ཆོག་མཆན་མ་རག་པར་རྩེད་ཐུབ་མ་སོང་། འོན་ཀྱང་མཐོ་སློབ་དེའི་ཉེ་མཁྲིས་སུ་གཞུང་འབྲེལ་སྤོ་ལོ་རྩེད་ཐང་དང་རྐང་རྩེད་སྤོ་ལོ་རྩེད་ཐང་གཉིས་ཀ་ཡོད་པའི་ཐང་ཆེན་དེ་ལ་སྙན་ཞུའི་ཆོག་མཆན་ཞུས་སྐབས་སུ། མགོ་ཁྲིད་དེ་ནི་གུང་གསེང་ཡིན་པས་ན་སྙན་ཞུ་ཕུལ་ས་རག་མ་སོང་། ཡིན་ནའང་། སྤོ་ལོ་རྩེད་ཐང་དེ་རུ་སྒྲིག་འགུལ་ལྟ་བུའི་སྲོལ་གྱིས་སྤོ་ལོའི་རུ་ཁག་གི་མཐའ་མའི་རྟིང་རྩོད་མཇུག་རྫོགས་སུ་བཅུག་པ་ཡིན།

༥ ཁྱེད་རང་གིས་རྩེད་འགྲན་འདི་གོ་སྒྲིག་ཞུས་ནས། ཨང་དང་པོ་གཉིས་པའི་ལེགས་སྐྱེས་དང་ཞོར་གྱི་འགྲོ་སོང་ག་ཚོད་འགྲོ་སོང་།
ང་རང་གི་ངོས་ནས་གོ་སྒྲིག་ཧང་སང་གི་གྲ་འགྲིག་པོ་བྱེད་ཐུབ་མ་སོང་། དང་པོ་ལ་ཧིན་སྒོར་༢༠༠༠། གཉིས་པ། ༡༥༠༠། གསུམ་པ། ༥༠༠བཅས་ཀྱི་འགྲོ་སོང་མ་གཏོགས་གཏོང་ཐུབ་མ་སོང་།

ངས་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ལས་མི་ཡོངས་ཀྱི་ཚབ་བྱས་ཏེ་ཁྱོད་རང་གིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་དང་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།