ཧྥ་རན་སིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་དོན་གླེང་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ཉིན། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན་ཧྥ་རན་སིའི་སྲིད་འཛིན་ Francois Hollande ཧྥ་རན་ཁོ་ས་ཧོ་ལན་ཌི་མཆོག་གིས་རྒྱ་ནག་གྱི་འགོ་ཁྲིད་གསར་པ་ཞི་ཅིན་ཕིང་དང་ལྷན་དུ་བོད་ཀྱི་གནད་དོན་ཐོག་བཀའ་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་འོག བོད་ནང་དུ་བོད་མི་ ༡༡༧ ཙམ་གྱིས་༧གོང་ས་མཆོག་ཕྱིར་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ནང་གི་བོད་མི་ཚོར་རང་དབང་དགོས་པའི་དགོས་འདུན་འོག རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།

དེར་བརྟེན་ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་པའི་སྐབས། ཁོང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པ་རྣམས་དང་ལྷན་དུ་བརྗོད་གཞི་ཚང་མའི་ནང་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐོག་འཛེམ་ཟོན་མེད་པ་དང་གུས་བརྩི་ལྡན་པའི་ཐོག་གླེང་སློང་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ཧོ་ལེན་ཌ་མཆོག་གི་བཀའ་མོལ་དེ་པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཞིག་ཆགས་པ་དང་། གཞན་ཡང་ཡུ་རོབ་གསར་ཁང་ Euro News གི་ནང་ཧྥ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་སྐབས་བོད་མིས་ཚོས་རང་ལུས་མེར་སྲེག་གྱི་ལས་འགུལ་དེ་ནི་དོན་དམ་གྱི་སེམས་ཚོར་ཞིག་གིས་ཐོག་ནས་བྱུང་ཡོད་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་སྐད་ཆ་ཤོད་རྒྱུ་དེ་ཚང་མས་གླེང་སློང་མི་བྱེད་ཐབས་མེད་ཀྱི་གནད་དོན་ཞིག་ཏུ་མི་བརྩི་བར། ཚང་མས་ངེས་པར་དུ་གནད་དོན་དེ་དག་ཐོག་ཕན་ཚུན་གུས་བརྩི་དང་འཛེམ་ཟོན་མེད་པར་བགྲོ་གླེང་བྱེད་དགོས་ངེས་ཞིག་ཆགས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ་སྐལ་བཟང་སྒྲོལ་མས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༤༢༠༡༣༡༨༠༤
བོད་དུང་བ།

སྲིད་འཛིན་མཆོག་ནི་བོད་པ་ཚང་ལ་རྒྱབ་སྐྱོར་བྱས་པ་ཙམ་མ་ཚད། བདེན་པ་ལའང་རྒྱབ་སྐྱོར་བྱས་པ་ཞིག་རེད། ཁྱེད་ནི་བོད་པ་ཚང་གིས་དུས་ནམ་ཡང་མི་བརྗེད་ལ། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ནམ་ཡང་བརྗེད་མི་འོས་པ་ཞིག་རེད། ་་




བརྗོད་གཞི་གཞན་ཁག་ལ་གཟིགས།