ྋགོང་ས་མཆོག་གིས་པོ་ལན་ཌིའི་ཝར་སི་སློབ་ཆེན་ནང་ཆིབས་འཕྲྀན་མཛད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༧པའི་ཚེས་༢༩ཉིན་སྤེལ། ཕྱི་ཟླ༧པའི་ཚེས་༢༨ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་པོ་ལན་ཌིའི་རྒྱལ་ས་ཝར་སིའི་ནང་རྟེན་གཞི་བྱས་ཡོད་པའི་ཝར་སི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་སློབ་ཕྲུག་དང་དགེ་རྒན། མཁས་དབང་དང་ཁྱད་ལས་པ། དེ་བཞིན་བོད་མི་ཁག་ཅིག་དང་ཁུལ་དེའི་མི་མང་བརྒྱ་ཚོ་མང་པོར་ཤེས་ཡོན་གྱི་རིན་ཐང་དང་འཇིག་རྟེན་ཀུན་ཁྱབ་སེམས་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང༌། སྐབས་དེར་མགོན་པོ་གང་ཉིད་ཀྱིས་གོ་ལ་འདིའི་ཐོག་ད་དུང་ཡང་མི་མང་པོ་ཞིག་གིས་དམར་པོའི་སྲིད་དབང་གཅིག་སྡུད་འོག་དཀའ་སྡུག་མྱོང་བཞིན་ཡོད་ལུགས་གསུངས་ཡོད་པ་རེད།

ཝར་སི་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཁ་ཌར་གཟི་ཡ་ལགས་ཀྱིས་ྋགོང་ས་མཆོག་ཕེབས་བསུ་དགའ་འབོད་ཀྱི་གཏམ་བཤད་སྤེལ་དོན། འཛམ་གླིང་སྐྱེས་འགྲོ་ཀུན་གྱི་གོང་བཀུར་བྱ་ཡུལ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཚོའི་གདན་འབོད་གསོལ་འདེབས་ཞལ་བཞེས་ཀྱིས་སློབ་གྲྭ་འདི་གར་ཆིབས་བསྒྱུར་བསྐྱངས་པར་སྤྲོ་སེམས་རབ་ཏུ་འཁོད་པའི་ངང་ནས་དགའ་བསུ་དང༌། དེང་རབས་འཕྲུལ་ཆས་ཅན་གྱི་དུས་འདིར་མགོན་པོ་གང་ཉིད་ཀྱིས་བྱམས་དང་སྙིང་རྗེ་གཞི་རྩ་ཡིན་པའི་འགྲོ་བ་མིའི་བསམ་པའི་དཔལ་ཡོན་གོང་སྤེལ་གཏོང་བཞིན་པ་ནི་རླབས་ཆེན་གྱི་ལས་དོན་ཞིག་རེད། ཅེས་གསུང་ཡོད་འདུག

ྋགོང་ས་མཆོག་གིས་པེ་ཤག་དང་བཟང་སྤྱོད་ཀྱི་སྐོར་ལ་བཀའ་སློབ་གསུང་བཤད་གནང་དོན། དཔལ་འབྱོར་གྱི་བྱ་གཞག་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་ཞིང༌། དངུལ་དང་དཔལ་འབྱོར་གཅིག་པུ་གལ་ཆེན་པོ་མ་ཡིན་པར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དང་སྤྱི་ཚོགས། དེ་བཞིན་ཆོག་ཤེས་ལྡན་པའི་སྤྱི་ཚོགས་ཤིག་དགོས་རྒྱུ་དེ་བས་ཀྱང་གལ་ཆེ་ཡིན་ཞེས། བཀའ་ཕེབས་ཡོད་དང༌། གཞན་ཡང་གོ་ལའི་དཔལ་འབྱོར་གྱི་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཐད་ྋགོང་ས་མཆོག་ནས་ལན་ལྡོན་གནང་དོན། དཀའ་རྙོག་འདི་ནི་འདོད་རྔམ་དང་ཕྱི་གསལ་ནང་གསལ་མེད་པའི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། དཔལ་འབྱོར་ཁེ་ལས་ཀྱི་ལས་དོན་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་ངེས་པར་དུ་དགོས་པ་རེད། ཅེས་གསུང་ཡོད་འདུག

མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་རིས་མེད་ཀྱི་རིན་ཐང་སྐོར་ལ་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་ཕེབས་དོན། ཆོས་ལུགས་རིས་མེད་ཅེས་པ་ནི་ཆོས་ལུགས་ཁོས་མི་ལེན་པར་ངོ་རྒོལ་བྱེད་པ་ཞིག་གཏན་ནས་མ་ཡིན་པར། རྒྱ་གར་གྱི་བདག་ཉིད་ཆེན་མོ་གྷན་དྷི་མཆོག་ལྟར་ཆོས་ལུགས་ཡོངས་ལ་ཕྱོགས་ཞེན་མེད་པར་གུས་བཀུར་བྱེད་པ་ཞིག་ཡིན། ང་ཚོས་ལོ་དུས་དབྱེར་མེད་ཀྱིས་ཆོས་ལུགས་ཀུན་ལ་གུས་འདུད་བསྙེན་བཀུར་བྱེད་དགོས་པ་མ་ཟད། ཆོས་ལུགས་ལ་དད་མོས་མེད་མཁན་ཚོར་ཡང་གུས་བཀུར་བྱེད་དགོས། གང་ཡིན་ཞེ་ན། ཆོས་ལུགས་ལ་དད་མོས་མེད་མཁན་ཚོ་ཡང་མི་འབོར་ཁྲག་ཁྲིག་༦་ལས་གྲུབ་པའི་ང་ཚོ་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོའི་ནང་གི་ཕུ་ནུ་མིང་སྲིང་ཡིན་ཁར། ང་ཚོའི་མ་འོངས་མདུན་ལམ་ཁོ་ཚོར་རྒྱབ་རྟེན་བྱས་ཡོད། གཞན་ཁོ་ཚོ་ཡང་འགྲོ་བ་མི་ཡིན་ཕྱིན་སེམས་ཀྱི་ཞི་བདེ་དང་བག་ཕེབས་མཁོ། དེ་བས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སྐྱེས་འགྲོ་ཡོངས་ཀྱི་སེམས་ཀྱི་བྱམས་སྙིང་རྗེ་གོང་སྤེལ་གཏོང་ཐབས་ཤིག་འཚོལ་དགོས་ལ། གནས་ལུགས་རྒྱུ་མཚན་ལ་གཞི་བཅོལ་བའི་ཆོས་ལུགས་རིས་མེད་ཀྱི་བྱ་ཐབས་ལ་བརྟེན་ནས་ལས་དོན་དེ་སྒྲུབ་དགོས། ཞེས་བཀའ་སློབ་ལམ་སྟོན་སྩལ་ཡོད་འདུགཝར་སིའྀ་གཙུག་ལག་སློབ་གྲྭར་མི་མང་ལ་བཀའ་སློབ་ཡོངས་སུ་གྲུབ་རྗེས་གཙུག་ལག་སློབ་གྲྭ་དེའི་སློབ་སྤྱི་མཆོག་ནས་ྋགོང་ས་མཆོག་གི་མཛད་འཕྲིན་ལ་བསྟོད་ར་ཆེ་བརྗོད་ཞུ་སླད་གཙུག་ལག་སློབ་གྲྭ་དེ་གའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང། དེ་ལྟར་ཕུལ་དགོས་དོན་ནི་ྋགོང་ས་མཆོག་ནས་འཛམ་གླིང་འདིའི་སྟེང་ཞི་བདེ་དང་བཟང་སྤྱོད། ཤེས་ཡོན། བྱམས་བརྩེ་སོགས་ཀྱི་རླབས་ཆེན་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པར་བརྟེན་ཕུལ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་འདུག

ྋགོང་ས་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་རེ་སྐུལ་གནང་ཡོད་དོན། ངོས་རང་ནམ་རྒྱུན་གསར་འགོད་པ་དང་མཇལ་དུས་ངོས་ཁོ་ཚོར། ཁྱོད་ཅག་ལ་ཚོར་སྐྱེན་པའི་གླང་ཆེན་གྱི་སྣ་ལྡན་དགོས། ཞེས་ལབ་ཀྱིན་ཡོད། དེ་གང་ཡིན་ཞེ་ན། ཚོར་སྐྱེན་པའི་གླང་ཆེན་གྱི་སྣ་ལྡན་ཚེ། ཉེ་འཁོར་ཀུན་གྱི་དྲི་ངན་ཚོར་སྣོམ་ཐུབ་པ་རེད། དེ་བཞིན་དུ་གསར་འགོད་པ་དག་གིས་དྲང་ལུགས་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་སླད། སྒེར་སེམས་ཆེ་ཞིང་གཞུང་ནག་པའི་སྐྱེས་འགྲོ་དག་གི་མི་དགེ་བའི་ལས་རྣམས་དྲང་སྙོམས་ལྡན་པའི་ཞིབ་དཔྱོད་བྱས་ཏེ་ཐེར་འདོན་དག་འབུད་བྱེད་འོས།  ཞེས་གསུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༠༩༡༨༡༩
ཐུགས་རྗེ་ཆེ། ཁྱེད་རྣམ་པས་དྲ་རྒྱ་འདི་འདྲ་ལེགས་པོ་ཞིག་བོད་དོན་ཆེད་དུ་བཟོས་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།