དགོངས་ཚུལ།

རྒྱ་ནག་གི་མགོ་ཁྲིད་གསར་པའི་མདུན་དུ་ལྷག་པའི་གནད་དོན་གླེང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༣ཉིན། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༡༡ནས་༡༣བར་སུད་སིའི་གྲོང་ཁྱེར་ཇེ་ནའི་ཝ་རུ་༼རྒྱ་ནག་གི་ མགོ་ཁྲིད་གསར་པའི་མདུན་དུ་ལྷག་པའི་ཤར་ཏུར་ཀི་སི་ཐན་དང་བོད། ལྷོ་སོག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་བཅས་ཀྱི་གནད་དོན། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འདུ་ཚོགས་ཤིག་འཚོགས་འཆར་ཡོད་འདུག

 

དེ་ཡང་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་དྲ་རྒྱའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མང་གཙོ་ཐེབས་རྩ་ཁང་(NED)གི་ཤུགས་ཆེའི་རྒྱབ་སྐྱོར་དང་། འཇིགས་སྐུལ་ཐེབས་པའི་མི་རིགས་སྲུང་སྐྱོབ་མཐུན་ཚོགས་དང་རྒྱལ་ཁབ་ཀྱི་འཐུས་ཚབ་མིན་པའི་མི་རིགས་མཐུན་ཚོགས་སོགས་ཀྱི་མཐུན་འགྱུར་རོགས་རམ་འོག འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༡ནས་༡༣བར་སུད་སིའི་གྲོང་ཁྱེར་ཇེ་ནའི་ཝ་རུ་(Geneva) ། ༼རྒྱ་ནག་གི་མགོ་ཁྲིད་གསར་པའི་མདུན་དུ་ལྷག་པའི་ཤར་ཏུར་ཀི་སི་ཐན་དང་བོད། ལྷོ་སོག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་བཅས་ཀྱི་གནད་དོན། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འདུ་ཚོགས་ཤིག་གོ་སྒྲིག་བྱ་རྒྱུ་ཡིན་འདུག

དེ་ཡང་ཡུ་གུར་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་དུ་འཁོད་དོན།  གནའ་བོའི་དུས་ནས་བཟུང་ཡུ་གུར་དང་བོད། ལྷོ་སོག་པོའི་བར་དུ་རིག་གནས་དང་ཆོས་ལུགས། ཆབ་སྲིད་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་ལ། ལྷག་པར་དུ་ཉེ་བའི་དུས་རབས་ཕྱེད་ཙམ་གྱི་ནང་དུ་རྒྱ་གཞུང་གིས་ཡུ་གུར་དང་བོད། ལྷོ་སོག་བཅས་ཀྱི་མི་མང་ལ་མི་རིགས་ཀྱི་གཉའ་གནོན་དང་ཆབ་སྲིད་ཀྱི་མནར་གཅོད། དཔལ་འབྱོར་གྱི་ཁེ་དབང་བཙན་འཕྲོག་སོགས་བྱས་ཏེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན། ཡུ་གུར་དང་བོད། ལྷོ་སོག་མི་མང་མང་གཙོ་དང་འདྲ་མཉམ། རང་དབང་གི་འཐབ་རྩོད་ཁྲོད་ནས་དཀའ་སྡུག་དང་ལས་དབང་གཅིག་པའི་མིང་སྲིང་དུ་གྱུར་བ་རེད་ཅེས་དང་།

ཡང་མུ་མཐུད་དུ་འཁོད་དོན། ཕྱི་ལོ་༢༠༠༩ལོ་ནས་བཟུང་བོད་མི་ཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་ལ། ལོ་དེའི་ཕྱི་ཟླ་༧པའི་ཚེས་༥ཉིན། ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཝུ་རའོ་མོ་ཆིའི་(Urumchi)ནང་དུ་ཡུ་གུར་སློབ་ཕྲུག་མང་པོས་ཞི་རྒོལ་བྱས་པར་རྒྱ་གཞུང་གིས་དམར་གསོད་དྲག་གནོན་བྱས་ཡོད་པ་མ་ཟད། དེའི་རྗེས་སུ་ཡུ་གུར་བ་ཧ་ཅང་མང་པོ་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་རྒྱལ་ཕྱིའི་སྤྱི་ཚོགས་ཧང་སང་དུ་བཅུག་ཡོད། དེ་བཞིན་འདས་པའི་དུས་སུ་ཅུང་ཙམ་ལྷིང་འཇགས་དུ་རྩི་ཆོག་པའི་ལྷོ་སོག་གི་ནང་དུའང་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་པ་སོགས། ཡུ་གུར་དང་བོད། ལྷོ་སོག་མི་རིགས་གསུམ་གྱི་བཟོད་སྒོམ་གྱི་ཚད་དེ་ཆེས་མཐའ་མ་རུ་སླེབས་པའི་ཛ་དྲག་གི་སྐབས་འདིར། མི་རིགས་གསུམ་གྱི་ཤེས་ཡོན་པ་དང་ཆབ་སྲིད་ལས་འགུལ་བ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་གྱི་སྐུ་ཚབ་བཅས་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་བྱས་པ་ཡིན་སྐོར་དང་།

ཐེངས་འདིའི་བགྲོ་གླེང་ཁྲོད་ཤར་ཏུར་ཀི་སི་ཐན་དང་བོད། ལྷོ་སོག་བཅས་ཀྱི་མིག་སྔར་གྱི་ཛ་དྲག་གནས་བབས་དང་མ་འོངས་པའི་ཁེ་ཕན་བགྲོ་གླེང་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་ནང་གི་མིག་སྔར་གྱི་ཆབ་སྲིད་དབང་ཆ་དང་སྤྱི་ཚོགས་ཀྱི་དཀའ་རྙོག་སོགས་གླེང་སློང་དང་།  ལྷག་པར་དུ་བགྲོ་གླེང་བ་ཚོའི་ངོས་ནས་རྒྱ་ནག་གི་མགོ་འཁྲིད་གསར་པ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་བབས་ཞི་བདེའི་ངང་ཐག་གཅོད་བྱེད་པར་དགོངས་ཚུལ་འདོན་པ་དང་རེ་སྐུལ་བཅས་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།