ཨ་མ་རྗེ་བཙུན་པདྨར་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༧ཉིན། ཟླ་འདིའི་ཕྱི་ཚེས་༡༤ཉིན་ཨ་རིའི་གྲོང་ཁྱེར་སན་ཕ་རན་སི་ཀོའི་གཙུག་ལག་སློབ་གཉེར་ཁང་ University of San Francisco གིས་སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ལ། ཆེ་བསྟོད་དུ་ Honorary Doctorate མཁས་དབང་གི་ཕྱག་འཁྱེར་ཞིག་ཕུལ་འདུག

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་འཁྱེར་དེ་གོང་ཚེས་ཉིན་སློབ་གླིང་དེའི་བསླབ་པ་མཐར་སོན་པའི་མཛདོ་སྒོ་ཞིག་གི་ཐོག་སློབ་ཕྲུག་༣༠༠ཙམ་ལ་མཐོ་སློབ་ལག་འཁྱེར་གནང་དང་ལྷན་དུ་ཕུལ་ཡོད་འདུག

སྐབས་དེའི་མཛད་སྒོ་ཐོག གཙུག་ལག་སློབ་གྲྭའི་འགན་འཛིན་སྐུ་ཞབས་ President Stephen A. Privett, S.J སི་ཊི་ཕན་མཆོག་གིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་ཕུལ་ནས། རྗེས་བཙུན་པདྨ་མཆོག་གིས། བཙན་བྱོལ་ནང་ཡོད་པའི་བོད་ཕྲུག་རྣམས་ལ་འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ཞབས་ཞུ་བསྒྲུབས་ཡོད།

སན་ཕ་རན་སི་སི་ཀོ་གཙུག་ལག་སློབ་གཉེར་ཁང་གིས་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ཕྲུ་གུ་རྣམས་ལ་གཅེས་སྐྱོང་གིས་རང་ཡུལ་དུ་ཞི་བདེ་གོང་འཕེལ་གཏོང་ཐབས་ཀྱི་བྱས་རྗེས་ལ་ཆེ་མཐོང་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་བྱུང་།

ཁོང་ནི་རང་ལས་གཞན་གཅེས་པར་འཛིན་པའི་ཡེ་ཤུའི་ལྟ་གྲུབ་ནང་མིག་དཔེ་འོས་པའི་བུད་མེད་དང་མཚུངས་པ་ཆགས་ཡོད་ཅེས་གསུངས་འདུག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༡༧༢༠༡༢༢༡༡༦
ཉི་མ་དབང་ཕྱུག
གནས་ཚུལ་འདི་ཡང་ཡག་པོ་ཞིག་རེད་འདུག་པས་དགའ་བསུ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།