ཁེ་ན་ཌའི་བློན་ཆེན་ཞིག་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༡༤ཉིན་ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་ John Baird ཇོན་བྷར་ཌི་མཆོག་གིས། བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་དོན་ཐད་ཐུགས་འཚབ་ཡོད་ལུགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེའི་ནང་། ད་ལྟའི་ཆར་བོད་ནང་དུ་བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དེའི་ཐོག རྒྱ་ནག་གཞུང་གིས་དེ་བས་ཀྱང་དམ་དྲག་ཤུགས་ཆེ་རུང་བཏང་རྐྱེན། གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་བློ་འཚབ་ཆེན་པོ་ཡོད།

ཁེ་ན་ཌ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དོན་ནི། ཁོང་ཚོས་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཡིན་པ་གསལ་པོ་རེད།

དེར་བརྟེན་ཁེ་ན་ཌའི་གཞུང་གི་ངོས་ནས། རྒྱ་ནག་གཞུང་ལ་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲད་དེ། བོད་ནང་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་བྱེད་དགོས་ལ། བོད་ནང་དུ་རྒྱལ་སྤྱིའི་སྐུ་ཚབ་འཐུས་མི་དང་། གསར་འགོད་པ། རྟོག་ཞིབ་མི་སྣ་སོགས་འགྲོ་རྒྱུར་ཆོག་མཆན་སྤྲོད་དགོས་ཀྱི་ཡོད་པ་དང་། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
དྲྭ་འབུ་ཁྱེད་ལ་འཚམས་འདྲི་ཡོད། ཁྱེད་ཀྱི་མིང་དངོས་སུ་བཀོད་མ་ཐུབ་པ་ཁྱེད་ལ་དོག་གཞི་ཆེ་པོ་ཡོད། །།།ཁྱེད་དང་ཁྱུང་དར་སྔོན་ནས་འཁོན་འཛིན་ཆེ། མིང་དངོས་བཀོད་ན་ཁོང་ལ་འཇིགས་སྐྲགས་ཆེ། གསོད་རྒྱུ་གང་རགས་བྱས་ན་ཁྱེད་ཡང་ཉེན་ཁ་ཆེ། གང་རགས་ཟེར་ནས་སྐྱག་རྫུན་ཧམ་པ་ཆེ། ཁྱེད་ཀྱང་མ་བྲོས་སྡོད་ན་གསོད་ལེར་ཆེ། སྔོན་གྱི་སེར་མོ་ཕྲེང་བའི་ལོ་རྒྱུས་བཞིན། ཁོང་གིས་གསོད་པའི་མིའི་གྲངས་ཀ་ནི། དེང་གི་བར་དུ་ག་ཚོད་རྩིས་རྒྱུ་ཡོད། བོད་ནས་གཅིག་གསོད་རྒྱ་གར་བྲོས་བྱོལ་གནང་། རྡ་ས་བོད་པའི་ནང་དུ་མགོ་འབུལ་ཞུས། ༧གོང་ས་མཆོག་ལ་འདི་ཕྱིའི་བླ་མ་བསྟེན། བོད་དམང་སྤྱི་དང་ནང་ཆོས་ལོག་ལྟ་དབེན། གནས་སྐབས་བག་ཆགས་ངན་པས་ངར་རླུང་གྱིས། ཞེན་འཁོན་ཡོད་པའི་མི་རྒོད་རེ་གཉིས་ལ། གྲི་རྐྱང་བཙུགས་ཀྱང་ཡོད་ཚོད་ཤི་གཤིས་འགུས། སྔོན་ཆད་ནོར་བ་འགྱོད་བཤགས་བྱས་དོ་བཀོད། སླད་མ་སློབ་སྦྱོང་བྱེད་ནས་ལ་རྒྱ་བཟུང་། དེ་འདྲ་མཁན་ལན་བྱེད་པའི་མགོན་མེད་བུར། བོད་མི་རྣམས་དང་ནང་སྲིད་བློན་ཆེན་ལགས། རྒྱ་རི་སྒྲོལ་མ་ཁོང་གིས་ལས་འགན་རེད། ༧གོང་ས་མཆོག་གིས་དགོངས་བཞིན་སྒྲུབ་མཁན་རེད། ༧གོང་ས་མཆོག་ནི་སྙིང་རྗེ་མངའ་བདག་རེད། སྤྱན་རན་གཟིགས་དབང་བསྟན་འཛིན་རྒྱ་མཚོ་རེད། ཇི་སྲིད་ནམ་མཁའ་གནས་པ་དང། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས་འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། དེ་འདྲ་བརླབས་ཆེན་དམ་བཅའ་ནང་། ཁྱུང་དར་སྐྱབས་འོག་མི་ཚུབས་ཨང་། བོད་མིར་འཁོས་ཀ་ཆུང་བ་རྣམས། མ་གཡུགས་རོགས་དང་རྒྱབ་སྐྱོར་དགོས། བོད་མི་རེ་ངོ་རེ་ལས་འགུལ་རེ། སྒྲུབ་དགོས་ཟེར་ནས་བརྒྱ་སྟོངས་བཤད། ཁ་བཤད་ལག་ལེན་མ་གནང་ན། རྒྱ་མི་མིན་ཅང་རྒྱ་འདྲ་རེད། རྒྱ་མིའི་ངན་སེམས་ཁུག་བཅུག་གིས། བོད་ཀྱི་མི་རིགས་སྲོལ་རྒྱུན་དང་། ནང་བསྟན་བཅས་པ་འཇིམ་དམུག་འདོད། ཁ་བྲལ་ངན་སྐྱོན་སྣ་ཚོགས་བསྒྲགས། བོད་མི་ཁ་གཏད་རྒྱ་ནག་རེད། ཁྱུང་དར་ཡིན་ན་དཔུང་པོ་ཞོགས། དེ་ཚོར་ཁྱད་པར་མ་ཤེས་པས། འདྲ་མཚུངས་སྒྲུབ་བ་གནོངས་འགྱོད་གྱིད། ཁྱེད་ལ་སྙིང་རྗེ་ཕྱོགས་རིས་ཅན། འགྲོ་བ་སུ་ལ་མི་ཕན་ཟེར། ཁྱེད་ལ་སྙིང་རྗེ་ཕྱོགས་རིས་མེད། ཁྱུང་དར་སོགས་ལ་མི་གནང་གི། ཕྱོགས་རིས་ཅན་ནི་ཁྱེད་ཀྱང་ཡིན། འོ་ན་ཁྱེད་ན་སྙིང་རྗེ་མེད། མའོ་ཚོགས་པ་དམ་བཅའ་འདྲ། དཔེ་དང་དཔེ་ཅན་ཁྱེད་ལ་མཚུངས། དེ་འདྲ་མགོ་རྨོངས་མ་འཐོམ་པ། དེང་རབས་ཁ་ཕྱོགས་སློབ་སྦྱོང་གནང་། སེམས་མུག་ནང་དཀྲུགས་མ་སློངསདང་། བོད་མི་ལ་རྒྱ་བོད་མིས་བཟུང་། བོད་མིའི་འཐབ་རྩོད་བོད་མི་འཛིན། བོད་མི་བསམ་ཤེས་བོད་མིའི་བྱེད། བོད་དོན་ལས་འགུལ་བོད་མིའི་སྤེལབོད་མིའི་དམངས་གཙོ་བོད་མིའི་སྤྱོད། ཁ་དྲོ་བཀྲ་ཤིས་དེ་ཙམ་མཐུས། ཚིག་རྩུབ་ཡིག་ནོར་ཤོར་ཉེས་ན། ཐུགས་དགོངས་གཏིངས་ནས་མ་ཚོམས་རོགས། ཁྱེད་ལ་ངན་སེམས་མིན་ལྡན་ཡང་། མ་གོ་ཕྱིར་ན་ཁོངས་ཁྲོ་སྲིད། ངང་ཚུགས་མ་གཟུང་གཟུ་བོ་གནས། བྱིས་པ་ཁ་ནས་གདམས་ངག་ལེན། རིམ་གྱིས་གོ་བ་ལན་ཐུབ་ན། དེ་ནི་རང་གཞན་ཕན་པའིདགེ། སྐུ་ཚེ་རང་ཞིང་དགྱེས་པར་མཛད།།།།།།།།།།
དྲ་འབུ་ལགས། རྐུ་མ་ལ་དཔའ་དར་དང་། སྤྱང་ཀུ་མནར་དར་། མི་གསོད་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་གོང་ས་མཆོག་གི་དགོངས་པ་ཡིན་པ་ཇི་ལྟར་འགྲེལ་ལམ། ཁྱེད་རང་ལ་ཞུ་རྒྱུར་རྒྱ་མིས་མི་ལོ་དྲུག་ཅུའི་རིང་བོད་མིར་གསོད་གཅོད་གཏུབ་གསུམ་བྱེད་བཞྀན་པ་དེར་ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ནམ། རྒྱ་མི་ཡང་མི་རེད་ལ་སེམས་ཅན་ཅན་རེད། སྙིང་རྗེ་ཕྱོགས་རིས་ཅན་དེ་ནི་འགྲོ་བ་སུ་ལ་ཡང་ཕན་ཐོག་མེད་ཀུང་ཤེས་རེད། ཁྱུང་པོ་དར་རྒྱས་ག་བར་སོང་ན་མི་གསོད་རྒྱུ་གང་རགས་བྱེད་བཞིན་པར་ཁྱོད་དང་། རྒྱ་རི་སྒྲོལ་མས་རྒྱབ་སྐྱོར་ཇི་ལྟར་བྱེད་རྒྱུ་ཡིན། ཁྱུང་པོ་དར་རྒྱས་ཞེས་ཉེ་རྒྱ་གར་པོ་ལི་སི་ལ་གྲི་བཙུགས་མཁན་དེས་བོད་དུ་བསད་པའི་མི་བོད་མི་རེད་གདའ། ཁོས་གང་བྱས་པ་དག་འཚེ་བ་མིན་པ་འགྲེལ་བཤད་ཇི་ལྟར་རྒྱག་ཐུབ་བམ།
དྲྭ་འབུ་འདི་ཚོར་ཡིས་སྒེར་དོན་མ་གཏོགས་བཤད་རྒྱུ་མེད་པས་ངོ་ཡང་མི་ཚར་ཁུ། སྒེར་སེམས་འདི་འདྲ་ཡོད་ན་ བོད་ཀྱི་གོམས་བཤིས་བཟང་པོ་དང་འགལ་ ༧གོང་ས་མཆོག་གིས་དུས་རབས་ཉེ་ཤུ་རྩ་གཅིག་པ་སྤྱི་ཚོགས་བཟང་སྤྱོད་ཀྱི་བཀའ་སློབ་དང་འགལ བོད་རྒྱུད་ནང་བསྟན་ཐེག་ཆེན་པ་ཡིན་པ་མ་ཟད་ནང་ཆོས་ནས་གཞན་གནོད་ལབ་ན་འཚེ་བ་སྨྲ་བས་སྙིང་རྗེ་དང་འགལ། ཁོང་གི་སྡིག་པ་བསགས་ཡོད་ཚུལ་ལབ་བཞིན་པ་ ཁྱེད་ཀྱི་ཁ་སྣོན་མ་གནང་ཕ་བཟང་བུ་ ཁོང་ལ་བྱམས་པ་སྙིང་རྗེ་ཕན་སེམས་བྱེད་དགོས། ཁོང་སྔར་ཆད་ནོར་ཤོར་བ་དང་སླད་མས་འགྱོད་བཤགས་ཀྱིས་ཡ་རབས་འགྲོ་ཐུབ་པ་རྒྱབ་སྐྱོར་བྱས་དགོས་བྱེད་འོས་བྱས་ཆོག་བོད་པ་རྣམས་ཀྱི་ལ་རྒྱ་ སྙིང་རྗེ་ཅན་གྱི་འགན་ངོ་མ་རེདདོ། ཁྱེད་སྐྲོ་འཐུང་མ་བྱས་ཨང་ ངེད་ཁྱེད་ལ་བསླབ་བྱ་མིན་བསམ་ཚུལ་ཡིན། །དོན་མེད་ངག་བསྐྱལ་ཉེས་པ་བསགས་དགོས་ཨང་། །དོན་འབྲས་དངོས་སུ་མྱོང་དུས་མི་འགྱོད་དོ། །དོན་མེད་མི་ཚེ་སྟོང་པ་མ་འཁྱམ་པ། །དོན་ལྡན་འདི་ཕྱིར་སྒྲུབ་དང་ཕོ་རྒོད་ལགས།།།།།།
ཁྱུང་པོ་དར་རྒྱས་ལགས། བོད་ནས་གཉེན་མཚན་སྤུན་མཆེད་ཁྱིམ་འཚེས་ཤིག་བསད་ནས་ཁོ་རང་དང་། ཁོ་རང་གི་འོག་མ་གཉིས་བོད་དུ་འདུག་མ་བཟོད་པར་རྒྱ་གར་དུ་བྲོས་ཡོང་བ་རེད་འདུག དེ་བཞྀན་ཁྱིམ་འཚེས་དང་མཉམ་དུ་འབྲོག་པའི་རྩ་སའི་ཆེད་དུ་ཁྱིམ་འཚེས་ཀྱི་བུ་དེ་བསད་ནས་བྲོས་ཡོང་བ་རེད། ཁྲེལ་མེད་ཁོས་བུ་དེ་བསད་དུས་དོན་དག་སྣེ་གཅིག་མེད་པར་ཞོགས་པ་ལམ་སྒུག་འཐེན་ནས་སྣང་མེད་ཐོག་ནས་གྲི་ཐེངས་དགུ་ནས་མི་བསད་པ་མ་ཟད་བུ་སྤུན་གསུམ་གྱིས་གྲི་རུབ་རྒྱབ་ནས་བསད་འདུག ད་ཆ་ཁོ་ལ་རྒྱ་གར་ནང་དུ་རོགས་པ་མེད་པ་མ་རེད། ཁོ་རང་གི་འོག་མ་དེ་མཉམ་དུ་སླེབས་ཡོད་རེད། དེང་སང་ལྷ་བྲིས་བྱེད་ནས་འགྲོ་གི་ཡོད་རེད། བོད་ནས་གསོད་རྒྱུ་བུ་དེ་སྐད་གྲགས་ཅན་གྱི་ལྷ་རིས་ཤིག་རེད། དེ་ལ་གང་ས་ཅི་ཐད་ནས་བསྡུར་ཡང་མ་དོ་བར་འཇབ་གྲིབཙུགས་ཏེ་གྲི་རུབ་རྒྱབ་པ་ཞིག་རེད། ཁོ་ག་བར་སོང་ན་མི་གསོད་རྒྱུ་དེ་མ་གཏོགས་བསམ་རྒྱུ་མེད་པ་དེ་ག་རེ་ཡིན་ནམ། ད་དུང་བོད་གཞུང་གིས་ཁོ་ལ་རོགས་པ་བྱེད་ཡ་རེད་ཟེར་། ནང་སྲིད་བཀའ་རྒྱ་རི་སྒྲོལ་མས་ཁོས་རྒྱ་གར་པོ་ལི་སི་ལ་གྲི་བཙུགས་ཡ་དེ་ཕལ་ཆེར་བོད་དོན་རེད་མདོག་ཀྱང་བཤད།



བརྗོད་གཞི་གཞན་ཁག་ལ་གཟིགས།