དགོངས་ཚུལ།

བོད་མི་གཉིས་རྒྱལ་ཚོཌ་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོཌ་སུ་ཞུཌ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༤ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡར་རྒྱས་གླེང་སྟེགས་དང་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ཆོས་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་རྣམ་གཉིས། དཀྱིལ་ཤར་གྱི་རྒྱལ་ཁབ་དང་མངའ་སྡེ་ Qatar ཁཱ་ཊར་གྱི་གྲོང་ཁྱེར་ Doha ཌོ་ཧའི་ནང་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཐེངས་༡༨པའི་ཐོག་མཉམ་ཞུགས་བྱས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་༧༠༠༠ཙམ་གྱི་འཐུས་མི་གྲངས་༡༧༠༠༠༠ཙམ་མཉམ་ཞུགས་བྱས་ཡོད་འདུག་པ་དང་། ད་དུང་གསར་འགོད་པ་༡༥༠༠ཙམ་དང་། ཟུར་ཉན་པ་༧༠༠༠ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། ཐེངས་འདིར་གཙོ་བོར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ཆུའི་འགོ་ཁུངས་སུ་གྱུར་པའི་བོད་ཀྱི་ཆུ་བོའི་གནད་དོན་ཐོག རྒྱ་ནག་གིས་རྒྱལ་ཚོགས་ཀྱི་ཆུ་མཉམ་སྤྱོད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དགོས་པས་མ་ཚད།   Mekong River commission རྫ་ཆུ་༼མེ་ཁུངས་གཙང་པོའི་ཚོགས་ཆུང་༽གི་ཚོགས་མིར་ཞུགས་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་དང་། དེ་བཞིན་བོད་ཀྱི་འབྲོག་པ་གནས་སྤོ་དང་། གནམ་གཤིས་འགྱུར་ལྡོག་ཐད་རྒྱལ་ཁབ་ཁག་གི་འཐུས་མི་རྣམས་ལ་ཞུ་གཏུགས་བྱེད་ཀྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།