རྒྱལ་སྤྱིའི་ན་གཞོན་དབུ་ཁྲིད་༣༠བདམས་ཐོན་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༡ཉིན། དགུང་ལོ་༡༩ཡིན་པའི་བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་སྲས་དགུང་ལོ་༡༩ཡིན་པ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་༢༠༡༢ལོའི་རྒྱལ་སྤྱིའི་ན་གཞོན་དབུ་ཁྲིད་༣༠ནང་བདམས་ཐོན་བྱུང་འདུག

 

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་༡༤ ནས་༢༠༡༢ལོའི་རྒྱལ་སྤྱིའི་ན་གཞོན་དབུ་ཁྲིད་༣༠བདམས་པའི་ཁྲོད། བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་སྲས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་བདམས་ཐོན་བྱུང་ཡོད་ལ། རྒྱལ་སྤྱིའི་གོ་ལ་ཁྱིམ་ཚང་གཅིག་གྱུར་ཚོགས་པའི་ (Global Family Foundation) གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་༣ཚེས་༢༤ནས་༣༠བར་ཨ་རིའི་གྲོང་ཉིའུ་ཡོག་ཏུ་ཟབ་སྦྱོང་ལྷན་ཚོགས་ཐེངས་༤པ་ཚོགས་ཡོད་པ་དང་། སྐབས་དེར་ཆེད་ལས་མི་སྣ་གདན་ཞུས་ཀྱིས་མ་འོངས་པའི་སྤྱི་ཚོགས་ནང་རེ་བ་ཡོད་པའི་ན་ཆུང་ཚོར་སྤྱི་ཚོགས་ཀྱི་བདེ་དོན་འདྲ་མིན་ཐོག་བགྲོ་གླེང་དང་། སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་གོང་མཐོར་གཏོང་ཐབས་སྐོར་ལ་ཟབ་སྦྱོང་གནང་འདུག

རྒྱལ་སྤྱིའི་ན་གཞོན་དབུ་ཁྲིད་འདེམས་པའི་ལས་གཞི་འདི་༢༠༠༨ ལོ་ནས་འགོ་བཙུགས་སྟེ། འཛམ་གླིང་གི་ལོ་ན་༡༣ནས་༡༩བར་ཡིན་པའི་རྒྱལ་སྤྱིའི་ནང་རེ་བ་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་ཚོ་འདེམས་སྒྲུག་གིས་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་། ད་ལོའི་འདེམས་སྒྲུག་ནང་བདམས་ཐོན་བྱུང་བའི་བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ནི་ད་ལོ་དགུང་ལོ་༡༩ཡིན་པ་དང་། ཕྱི་ལོ་༢༠༠༤ལོར་༧གོང་ས་མཆོག་གིས་ཁྲི་འདོན་གནང་བ་དང་། ད་ལྟའི་ཨ་རིའི་སློབ་གྲྭ་(St.Andrew's school)ཞེས་པའི་ནང་དུ་སློབ་གཉེར་གནང་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།