དགོངས་ཚུལ།

བལ་ཡུལ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༦ཉིན། ཟླ་འདིའི་ཕྱི་ཚེས་༥ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆབ་སྲིད་ལས་དོན་ཚན་པའི་དྲུང་ཆེ་གཞོན་པས་བལ་བོའི་སྲིད་བློན་ལ་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་ཐད་ཐུགས་འཚབ་ཆེན་པོ་ཡོད་ལུགས་གླེང་སློང་གནང་བ་ལྟར། བལ་བོའི་སྲིད་བློན་གྱིས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། གོང་ཚེས་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆབ་སྲིད་ལས་དོན་ཚན་པའི་དྲུང་ཆེ་གཞོན་པ་ལྕམ་ཝེན་ཌི་ཤར་མཱན་(Wendy Sherman) ལགས་ཀྱིས་བལ་བོའི་སྲིད་བློན་བྷ་བྷོ་རམ་བྷ་ཊཱ་རི་(Baburam Bhattarai) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ལྕམ་ཝེན་ཌི་ཤར་མཱན་ལགས་ཀྱིས་བལ་ཡུལ་ནང་གནས་སྡོད་བྱས་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར། བལ་གཞུང་ནས་དགོས་ངེས་ཀྱི་མཐུན་འགྱུར་གང་མང་ཞིག་གནང་གི་མེད་པར་སེམས་འཚབ་ཆེན་པོ་ཡོད་ཅེས།

རྒྱ་ནག་གི་དངོས་ཤུགས་བརྒྱུད་གསུམ་ནས་བལ་གཞུང་ལ་གནོན་ཤུགས་གང་མང་སྤྲད་པའི་རྐྱེན་གྱིས།  ལོ་ཤས་གོང་ནས་བཟུང་བལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་ཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་པར་བརྟེན།  ས་གནས་བོད་མི་ཚོའི་འགྲོ་འདུག་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་མ་ཟད། བྱིས་པ་ཚོ་བལ་ཡུལ་གཞུང་གི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་པའི་གོ་སྐབས་མ་རག་པ་སོགས་ཀྱི་དཀའ་ངལ་མང་པོ་ཕྲད་དང་འཕྲད་བཞིན་པ་གླེང་སློང་གནང་འདུག་ལ།   བལ་བོའི་སྲིད་བློན་བྷ་བྷོ་རམ་བྷ་ཊཱ་རི་ལགས་ཀྱིས་གང་ཐུབ་ཀྱིས་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༦༢༠༡༢༡༨༡༠
ངོ་ཚ་དང་ཞེ་ཁྲེལ་མེད་པའི་མི། བྱམས་དང་སྙིང་རྗེ་དབེན་པའི་མི། ཀླ་ཀློ་དང་གཅིག་མཚུངས་ཀྱི་ནང་པ། ཡར་རྒྱས་དང་རྣམ་དཔྱོད་མེད་པའི་མི། འཛམ་བུ་གླིང་གཞན་པ ན་མེད་པའི་མི་ངན་ཚང་མ་འདིར་ཡོད། རྐུན་མ་དང་ཇག་པ། དམ་ཉམས་དང་བསེ་རག་ཚང་བའི་མི། ཟ་རྔམ་དང་མཐུང་རྔམ་བྱེད་མཁན། མིང་སྲིང་བཟའ་ཚང་བྱེད་མཁན། མི་ཆོས་ལས་འདས་པའི་སྤྱོད་ལོག་གི་མི། ལྷ་ཆོས་ལས་འདས་པའི་དམ་སྲི་འགོོང་པོ་ཚང་བའི་མི། འཛམ་གླིང་གི་མི་མཐའ། བལ་པོའི་དཔོན་དམངས་གི་བོད་ལ་བལྟ་ཚུལ་ཡག་པོ་འཛིན་པ་ལ་དུས་དང་རྣམ་པར་ཀུན་ཏུ། ཁ་བཤད་གཡུ་འབྲུག་གྲགས་གྲགས། ལག་ལེན་ཆུ་ཡི་རྦུ་བ་ཅན་གྱི་ཨ་རི་གཞུང་གིས་ཡག་མདོག་བཟང་མདོག་བཤད་པ་དེ་ང་ཚོར་བོད་པ་ཚང་ལ་མི་དགོས་ཐག་ཆོད་ཡིན། བལ་གཞུང་གི་བོད་པ་ཚང་ལ་ང་དགུ་ལོ་ནས་རང་བཙན་མེད་པའི་རྒྱལ་ཁབ་དུ་ཁས་ལེན་མཁན་གྱི་གྲལ་མགོ་གནས་ཡོད། མ་ཚད་ཨ་རི་གཞུང་ལྟར་བུ་ཡིན་ན་དོན་དངོས་ཐོག་བོད་ལ་རོགས་བསྐྱོར་བྱས་པ་ཞིག་སྟོན་རྒྱུ་མེད་ལ་ཁ་ཙམ་མ་གཏོག་བོད་ཀྱི་རྩ་དོན་ལ་ཕན་པའི་རོགས་པ་ག་རེ་བྱས་ཡོད། ཚང་མ་ཁྲམ་པ་དང་བརྫུན་མ་ཤ་སྟག་ལས་བོད་མི་མང་ལ་ཤ་ཞེན་ཡོད་མཁན་གཅིག་ཀྱང་མེད་པ་ཁག་ཐེབ། ཨ་རིའི་གཞུང་གི་བོད་དོན་ཡིན་ཁུལ་བལ་གཞུང་ལ་བཀའ་གཏོང་ཁུལ། བལ་གཞུང་གི་དེར་ཉོན་ཁུལ་བྱེད་པ་དེ་ནི་དོན་དུ་ཁོང་རང་གཉིས་ལ་ཁེ་ཕན་ཡོད་པ་ལས་བོད་པ་ཚང་ལ་བསམ་བློ་གཏོང་མེད་པ་ངས་སྐེ་འབའ་འཇོག་ཐུབ། དོན་དངོས་ཐོག་བོད་པ་ཚང་རང་གི་མ་འཇོན་ན་རང་བཙན་སླར་གསོ་བྱེད་མི་ཐུབ་པ་གསལ་གསལ་ཐིང་ཐིང་ཡིན་པ་ཧ་གོ་གི་འདུག། སྤུན་ཟླ་ཚོའི་ཤུགས་རྒྱབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་དང་ང་རང་ཚོའི་རང་བཙན་དེ་ང་རང་ཚོའི་ལེན་ཐུབ་པ་ཡིད་ཆེས་ཡོད། རྒྱལ་ཁབ་གཞན་པ་ལ་རེ་མི་དགོས་པ་ང་རང་ཚོའི་ཤུགས་རྒྱབ་དགོས་འདུག། བོད་པ་ལོངས་ཤོག།



བརྗོད་གཞི་གཞན་ཁག་ལ་གཟིགས།