གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

བལ་ཡུལ་གྱི་སམ་བྷེ་ཌིའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས་པ།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས་༢༩ཉིན་སྤེལ། མི་བཅུ་ལས་གྲུབ་པའི་བལ་ཡུལ་གྱི་སམ་བྷེ་ཌི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང༌། བོད་རྒྱལ་ཡོངས་མང་གཙོའི་དབུས་རྒྱུན་དོན་འགྲུབ་ལགས། དེ་བཞིན་དུ་བལ་ཡུལ་གྱི་པོག་ར་ས་གནས་ཀྱི་གནད་ཡོད་བོད་མི་བཅས་ཀྱི་སྣེ་ཁྲིད་འོག ཟླ་འདིའི་ཕྱི་ཚེས༢༩ཉིན་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་དང༌། དེ་བཞིན་དུ་སྤྱི་འཐུས་བཀའ་བློན་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད།

སམ་བྷེ་ཌི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྔར་ལོར་བོད་མི་སྐྱབས་བཅོལ་བ་བལ་ཡུལ་དུ་སླེབས་ནས་ལོ༤༩ཞེས་པའི་བགྲོ་གླེང་ཞིག་བཀོད་སྒྲིག་ཞུས་ཡོད་པ་མ་ཟད། བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་གྱི་མཁས་དབང་དག་གི་བཀའ་སློབ་གསུང་བཤད་ལ་གཞིར་བཞག་གིས་བལ་ཡུལ་གྱི་ཡུལ་མིའི་སྐད་དུ་དཔེ་དེབ་ཅིག་ཀྱང་འདོན་སྤེལ་བྱས་ཡོད་འདུག དེ་བཞིན་དུ་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་གསུང་ཡོད་པའི་བཀའ་སློབ་དག་ཀྱང་ཡུལ་སྐད་དུ་བསྒྱུར་ཡོད་ཁར། བལ་ཡུལ་ནང་འཚོ་གནས་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་ཚོར་འཕྲད་ཀྱིན་པའི་དཀའ་སྡུག་ཐད་ཀྱི་དངོས་བྱུང་གློག་བརྙན་ཞིག་བལ་ཡུལ་མི་མང་ཚོའི་བོད་དོན་སྐོར་གྱི་གོ་རྟོགས་སྤེལ་སླད་ཡུལ་སྐད་ཀྱི་ནང་དུ་ཕབ་བསྐྲུན་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༩ཉིན་བལ་ཡུལ་གྱི་སམ་བྷེ་ཌི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ནང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཞིང༌། གསར་འགོད་གསལ་བསྒྲགས་ཐོག་བལ་ཡུལ་གྱི་སམ་བྷེ་ཌིའི་ཚོགས་གཙོ་ནེལ་ཁན་ཌ་ལགས་ཀྱིས་གསུང་དོན། འཛམ་གླིང་གི་སྐྱེས་འགྲོ་ཡོད་དོ་ཅོག་ལ་ཁ་དབུགས་ནི་མེད་དུ་མི་རུང་བ་ལྟར། འགྲོ་བ་མིའི་ཐོབ་ཐང་དེའང་སྐྱེས་འགྲོ་ཀུན་ལ་ཁ་དབུགས་ལྟར་མཁོ་གལ་ཆེ། དེ་བས་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་དེ་ཡིན། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་ག་རེ་འཕྲད་ཀྱིན་ཡོད་མེད་ང་ཚོར་ཆ་རྒྱུས་ཆེ། དཀའ་ངལ་དེ་དག་སེལ་ཆེད་ང་ཚོས་དོན་ཚན་༥་ཅན་གྱི་གྲོས་འཆར་སྙན་ཐོ་ཞིག་བལ་ཡུལ་གཞུང་ལ་ཕུལ་ཟིན་ལ། གྲོས་འཆར་དེིའི་ནང་དོན་གཙོ་གྲས་ཤིག་ནི་བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་སྤྲོད་རྒྱུའི་སྐོར་ཡིན། ད་ལྟའི་ཆར་བལ་ཡུལ་གཞུང་གི་ནང་སྲིད་ལས་ཁུངས་ཀྱིས་གྲོས་འཆར་དེ་དག་ལག་བསྟར་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་སྐྱབས་བཅོལ་བའི་གཞུང་མཁྱེན་རྟོགས་ཡོང་སླད་བཞུགས་སྒར་དྷ་སར་ཡོང་བ་ཡིན། ཞེས་གསུང་སོང༌།

ྋགོང་ས་མཆོག་གིས་སམ་བྷེ་ཌིའི་སྐུ་ཚབ་ཚོགས་ཆུང་ལ་བཀའ་ཕེབས་ཡོད་དོན། ངོས་བོད་དང་བལ་ཡུལ་གཉིས་ནི་མཚེ་ཕྲུག་ཅིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང༌། བལ་ཡུལ་རྒྱལ་བོའི་སྲས་མོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བཞེས་པ་སོགས་བལ་བོད་གཉིས་བར་ལོ་རྒྱུས་ཀྱི་འབྲེལ་ལམ་དམིགས་བསལ་ཅན་ལྡན་པ་མ་ཟད། བོད་ནང་དུ་ནང་བོའི་ཆོས་དེ་བལ་ཡུལ་བརྒྱུད་དར་བ་ཞིག་ཡིན་པས། རྒྱ་གར་དེ་བོད་ཀྱི་གུ་རུ་རྗེ་ཡིན་པ་ལྟར། བལ་ཡུལ་དེའང་བོད་ཀྱི་གུ་རུ་རྗེ་རུ་བཀུར་བཞིན་ཡོད། ཅེས་གསུང་ཡོད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: