ཞི་བདེའི་གཟེངས་རྟཌ་བཞེས་མཁན་ཚོས་ཧུའུ་ཅིང་ཐའོ་ལ་འབོད་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༤ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༡༢ཀྱི་མཚན་ཐོག་ནས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཤིག་ལ་དགོས་འདུན་བཏོན་ཡང་རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་བརྟེན། ད་ཆ་བོད་མི་ཚོས་རང་ལུས་མེ་སྲེག་བྱེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁོང་ཚོའི་དཀའ་ངལ་རྟོགས་ཞིབ་དང་ངེས་པར་དུ་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས་སྐོར་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན།

༡། ལྷོ་ཨ་ཧྥ་རི་ཀའི་ཡེ་ཤུ་ཆོས་དཔོན་ Desmond Tutu ཌེ་སེ་མོན་ཊུའུ་ཊུའུ་མཆོག་དང༌།

༢། ༡༩༩༧ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨ་རི་བ་ལྕམ་ Jody Williams ཇོ་ཌིད་ཝི་ལམ་སི།

༣། ༡༩༩༢ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Rigoberta Menchu Tum རེ་གྷོ་བྷར་ཏཱ།

༤། ༡༩༩༦ ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཤར་ཏེ་མུར་གྱི་སྲིད་འཛིན་ Jose Ramos Horta སྐུ་ཞབས་ཇོ་སི་རཱ་མོ་སི་ཧོར་ཏཱ།

༥། ཕྱི་ལོ་༢༠༡༡ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལེ་བྷེ་རཱའི་ལྕམ་ Leymah Gbowee ལའེ་མཱ་གྷ་བྷོ་ཡེ།

༦། ཕྱི་ལོ་༡༩༨༠ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ Argentine ཨར་ཇན་ཊི་ནེ་བ་སྐུ་ཞབས་ Adolfo Perez Esquivel ཨ་ཌོལ་པོ།

༧། ཕྱི་ལོ་༢༠༠༣ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨེ་རན་གྱི་ཁྲིམས་རྩོད་པ་ལྕམ་ Shirin Ebadi ཤྲིན་ཨེ་བྷ་དྷི།

༨། ༡༩༨༣ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་པོ་ལན་ཌིའི་སྲིད་འཛིན་ཐོག་མ་སྐུ་ཞབས་ Lech Walesa ལི་ཆི་ཝ་ལི་སཱ།

༩། ༡༩༧༦ལོར་ནོར་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ Irish བྱང་ཨེ་རི་ཤིའི་ཞི་བདེ་ལས་འགུལ་བ་ལྕམ་ Jon Hume ཇོན་ཧུ་མེ།

༡༡། ༡༩༧༦ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་བྱང་ཨེ་རི་ལན་ཌིའི་ལྕམ་ Betty Williams བྷེ་ཊིད་ཝི་ལམ་སི།

༡༢། ༡༩༩༦ལོར་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Carlos Belo ཁར་ལོ་སི་བྷེ་ལོ་བཅས་ཀྱིས།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་བོད་མི་ཚོས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་ལ་དགོས་འདུན་བཏོན་ནས། ཕན་ཚུན་འཆམ་མཐུན་དང་གྲོས་མོལ་ཡོང་རེ་བྱས་ཀྱང་དོན་འབྲས་མ་སོན་པར་བརྟེན། ད་ཆ་བོད་མི་ཚོས་ངོ་རྒོལ་གྱི་རྣམ་པ་ཞིག་ཏུ་འགྱུར་ནས། ཁོང་ཚོས་རང་ལུས་མེ་སྲེག་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མི་ཚོའི་དགོས་འདུན་འབོད་སྒྲ་དེ་དག་གསན་འཇོག་དང༌། ཁོང་ཚོའི་དཀའ་ངལ་རྟོགས་ཞིབ་ཐོག དཀའ་ངལ་དེ་དག་སེལ་བར་ངེས་པར་དུ་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས།

ཐབས་ལམ་དེ་བཞིན་ང་ཚོའི་སྤུན་གྲོགས་ཏཱ་ལའི་བླ་མ་མཆོག་ནས་ཀྱང་བཏོན་ཡོད་ཅིང༌། ཁོང་གིས་དུས་ནམ་ཡང་ཁ་བྲལ་རྩོད་ཀྱིན་མེད་ལ་རྟག་ཏུ་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་དཀའ་རྙོག་སེལ་རྒྱུར་འབད་བརྩོན་གནང་ཡོད་པ་རེད། དེར་བརྟེན་ཁོང་གིས་བཏོན་གནང་བའི་གྲོས་མོལ་བྱ་རྒྱུའི་ཐབས་ལམ་སྐོར་དོན་སྙིང་ལྡན་པའི་དགོས་འདུན་དེར་རྒྱ་ནག་གཞུང་གིས་ངེས་པར་དུ་ཡ་ལན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

གཞན་ཡང་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བྱས་པའི་བོད་མི་དེ་དག་ཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང༌། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་དེ་དག་ཐོག་དྲག་སྤྱོད་རིགས་མཚམས་འཇོག་བྱེད་དགོས། རང་དབང་ཐོག་གསར་འགོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག ཕྱི་རྒྱལ་གྱི་སྐུ་ཚབ་མི་སྣ་སོགས་བོད་ནང་དུ་འགྲོ་སྐྱོད་བྱ་བཅུག་དགོས་ལ། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་གུས་བརྩི་བྱེད་དགོས་ཅེས་སོགས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།