༧གོང་ས་མཆོག་ལ་གཟེངས་རྟགས་ཤིག་འབུལ་བཞེས་གནང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣༡ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་སར་ཇོན་ཊམ་ཕལ་ལི་ཊོན་ཞེས་པའི་ཚོགས་པ་ནས་༢༠༡༢ ལོའི་ཊམ་ཕལ་ལི་ཊོན་ཞེས་པའི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་རྒྱུ་ཡིན་པའི་གསར་བསྒྲགས་གནང་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་ཆོས་ལུགས་འཆམ་མཐུན་གོང་འཕེལ་གཏོང་བའི་ཐད་མཛད་རྗེས་བླ་ན་མེད་པ་བཞག་པར་ཆེད་བསྟོད་ཀྱི་ཚུལ་དུ། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་སར་ཇོན་ཊམ་ཕལ་ལི་ཊོན་ཞེས་པའི་ཚོགས་པ་དེའི་ད་ལོའི་ཊམ་ཕལ་ལི་ཊོན་(Templeton)ཞེས་པའི་གཟེངས་རྟགས་དེ་༧མགོན་པོ་གང་ཉིད་ལ་འབུལ་རྒྱུ་གཏན་འཁེལ་གནང་ཏེ་གསར་བསྒྲགས་བྱས་འདུག

གསར་བསྒྲགས་སྐབས་ཚོགས་པ་དེའི་ཚོགས་གཙོ་སྐུ་ཇོན་ཊམ་ཕལ་ལི་ཊོན་ཇི་ནའི་ཡར་ལགས་ཀྱིས། བོད་མིའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་ཡི་ལྟ་སྤྱོད་ཁྱབ་སྤེལ་གནང་དང་གནང་བཞིན་པ་མ་ཟད། ནང་ཆོས་དང་ཚན་རིག་བགྲོ་གླེང་སོགས་རླབས་ཆེན་གྱི་མཛད་འཕྲིན་ལ་ངོས་འཛིན་དང་ཆེད་བསྟོད་འབུལ་ཆེད། ད་ལོའི་ཊམ་ཕལ་ལི་ཊོན་གཟེངས་རྟགས་༧གོང་ས་ཏཱ་མའི་བླ་མ་མཆོག་ལ་འབུལ་གཏན་འཁེལ་བ་ཡིན་ཞེས་གསུངས་འདུག

འདི་ལོའི་ཕྱི་ཟླ་༥ཚེས་༡༤ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་(St. Paul's Cathedra)ཞེས་པའི་ལྷ་ཁང་ཆེན་མོའི་ནང་གཟེངས་རྟགས་འབུལ་བཞེས་ཀྱི་ཚོགས་འདུ་ཚོགས་རྒྱུ་ཡིན་པ་དང། གཟེངས་རྟགས་དེ་ནི་ཨ་སྒོར་ས་ཡ་༡.༧ལྷག་གི་རིན་ཐང་ལྡན་པའི་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་ཤིག་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།