གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

ཐའེ་ཝན་ནང་བོད་ཀྱི་ཆོས་རིག་སྐོར་གྱི་པར་རིས་འགྲེམས་སྟོན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས་༢༨ཉིན་སྤེལ། འཆར་ཟླའི་ཚེས༦ཉིན་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༧༤ལ་སོན་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ཞིང༌། དེ་ཡང་ཐའེ་ཝན་གྱི་ཏཱ་ལའི་བླ་མའི་དགེ་རྩ་ཐེབས་རྩ་ཚོགས་པའི་སྣེ་ཁྲིད་འོག ཐའེ་ཝན་ནང་གི་བོད་རིགས་དང་ནང་བའི་རྗེས་འཇུག་པ་དག་གིས་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་སླད་༼དུས་རབས་ཕྱེད་རིང་ལ་ཁ་བས་བླ་སྲོག་ལ་དབུ་ཁྲིད་གནང་༽ཞེས་པའི་བོད་ཀྱི་ཆོས་དང་ལེགས་བྱང་སྐོར་གྱི་པར་རིས་འགྲེམས་སྟོན་དང༌། ྋགོང་ས་མཆོག་ལ་བརྟན་བཞུགས་ལེགས་འབུལ། བོད་ཀྱི་རིག་གཞུང་རྒྱུད་འཛིན་སྐོར་གྱི་ལེགས་འཆར་སྤེལ་བ། དེ་མིན་བོད་ཀྱི་དངོས་བྱུང་ལོ་རྒྱུས་ཀྱི་གློག་བརྙན་གཟུགས་འབུལ་དང༌། འདས་པའི་ལོ༥༠རིང་གི་བོད་ཀྱི་དེང་རབས་ལོ་རྒྱུས་སྐོར་གྱི་པར་རིས་འགྲེམས་སྟོན་བྱེད་པ་སོགས་ཀྱི་དམིགས་བསལ་ལྡན་པའི་སྣ་མང་ལས་རིམ་ཞིག་གྲ་སྒྲིག་བྱ་དང་བྱེད་བཞིན་ཡོད་འདུག

ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་མ་ཟད། ཁ་བ་གངས་ཅན་ཡུལ་གྱི་བོད་འབངས་ཡོད་དོ་ཅོག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱང་ཡིན་ལ། འཛམ་གླིང་ཞི་བདེའི་དེད་དཔོན། བྱམས་སྙིང་རྗེའི་བདག་ཉིད་ཆེན་མོ་ཁོང་རིག་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་བོ༥༠རིང་ལ་བོད་རང་དབང་འཐབ་རྩོད་ཀྱི་དོན་དུ་ལས་དོན་བླ་མེད་སྒྲུབ་དང་བསྒྲུབས་ཀྱིན་ཡོད་པ་རེད།

བོད་ཀྱི་དུས་རབས་མང་པོའི་དངོས་བྱུང་ལོ་རྒྱུས་སྐོར་གྱི་ པར་རིས་འགྲེམས་སྟོན་ཁྲོད་རྒྱ་ཆེའི་མང་ཚོགས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པའི་རྩ་ཆེན་པར་རིས་ཁག་གཅིག་གཤམ་གསལ།

༡༽བོད་ཀྱི་ལོ་རྒྱུས་མདོར་བསྡུས།
༢༽བཙན་བྱོལ་བོད་མིའི་གཞིས་སྒར།
༣༽བཙན་བྱོལ་བོད་མི་གཞིས་ཆགས་ཏེ་ཚོང་ལས་གསར་འཛུགས།
༤༽བཙན་བྱོལ་བོད་གཞུང་གི་སྒྲིག་གཞི་འཛུགས་བསྐྲུན་དང་ལས་དོན་བྱེད་སྒོ།
༥༽བོད་ཀྱི་ཆོས་རིག་གཅེས་སྲུང༌།
༦༽སྲོལ་རྒྱུན་ཆོས་ལུགས་དར་སྤེལ།
༧༽བོད་ནང་གི་མང་གཙོ་དང་རང་དབང་གི་གནས་བབས༌། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་འཚབ།
༨༽བོད་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག

ཐེངས་འདིའི་བོད་ཀྱི་ཆོས་རིག་ལོ་རྒྱུས་སྐོར་གྱི་པར་རིས་འགྲེམས་སྟོན་དང་དངོས་བྱུང་གློག་བརྙན་གཟིགས་འབུལ་སོགས་ཀྱི་ལས་རིམ་དེ་ཟླ་རྗེས་མའི་ཚེས་༤་ཉིན་འགོ་བཙུགས་ཏེ་ཚེས་༣༠ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད་ལ། ཐའེ་ཝན་གྱི་ཏཱ་ལའི་བླ་མའི་དགེ་རྩ་ཐེབས་རྩ་ཚོགས་པས་སྤེལ་བའི་པར་རིས་འགྲེམས་སྟོན་ཐད་ཀྱི་དྲ་ཚིགས་དེ་ http://www.tibet.org.tw/50 དྲ་ཚིགས་སུ་རྙེད་ཐུབ་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: