གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

རྒྱ་རྒོལ་གྱི་བོད་མིའི་ཞི་བའི་ལས་འགུལ་རུ་དཔུང་།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༦ཚེས་༢༦ཉིན་སྤེལ། བལ་པོའི་གཞུང་གི་སྐོར་སྲུང་བས་བོད་དོན་ཆེད་ཞི་རྒོལ་ལ་ཞུགས་པའི་བོད་མི་སེར་སྐྱ་ཕོ་མོ་མི་གྲངས་སོ་ལྔ་འཛིན་བཟུང་བྱས་ཡོད་ཅིང༌། བོད་མི་དེ་དག་བོད་དང་བལ་པོའི་མཚམས་བརྒྱུད་བོད་ཕྱོགས་སུ་ཞི་བའི་ཐོག་ནས་སྒེར་ལངས་བྱས་ཏེ་གོམ་བགྲོད་གནང་བཞིན་པའི་སྐབས་འཛིན་བཟུང་ཡོད་པའི་སྐོར་གསར་ལམ་ཁག་ཏུ་སྤེལ་ཡོད་པ་རེད།

བོད་རང་དབང་འཐབ་རྩོད་ཆེད་ཞི་བའི་ལས་འགུལ་སྤེལ་མཁན་གྱི་བོད་མིའི་རུ་དཔུང་ཞིག་བལ་བོད་ས་མཚམས་དང་ཀི་ལོ་མི་ཊར་༣༠ལྷག་ལས་མེད་སའི་ཨན་དྷི་ཧེ་རི་གྲོང་རྡལ་ནང་འབྱོར་དུས། བལ་ཡུལ་སྐོར་སྲུང་དམག་མིས་འཛིན་བཟུང་བྱས་ཡོད་ཅིང༌། ཐེངས་འདིའི་ཞི་བའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི།  རྒྱའི་བཙན་དབང་འོག་གི་བོད་ནང་དུ་ཞི་བདེ་དང་བརྟན་ལྷིང་མེད་སྟབས། བོད་མི་ལས་འགུལ་བ་རྣམས་བོད་ནང་ལ་ཞི་བའི་གོམ་བགྲོད་དུ་བསྐྱོད་ཏེ་ཛ་དྲག་པའི་བོད་ཀྱི་གནས་བབས་འཛམ་གླིང་ཡོངས་ལ་གསལ་སྟོན་བྱེད་སླད་ཡིན་མོད། བལ་ཡུལ་གྱི་སྐོར་སྲུང་དམག་མིས་ཁོ་ཚོ་བཀག་འགོག་འཇུ་བཟུང་བྱས་ཡོད་འདུག་ལ། ཞི་བའི་ལས་འགུལ་བ་ཁ་ཤས་ཤིག་གིས་བལ་ཡུལ་གྱི་མི་སེར་ལག་འཁྱེར་རམ་ངོས་འཛིན་ལག་འཁྱེར་ཐོགས་ཡོད་འདུག

བལ་ཡུལ་གཞུང་གི་ཉེན་རྟོག་དམག་མིས་བརྗོད་པ་ལྟར་ན། བོད་མིའི་ཞི་བའི་ལས་འགུལ་རུ་དཔུང་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་ཁྲིད་སྟེ་འོས་བབ་ཀྱི་ཁྲིམས་ཆད་གཅོད་རྒྱུ་རེད་འདུག ཞི་བའི་ལས་འགུལ་འདི་ནི་བལ་ཡུལ་གྱི་མའོ་ཚོགས་པར་སྔར་ལོར་བལ་ཡུལ་གཞུང་གི་སྲིད་དབང་ཐོབ་ཅིང༌། བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་དུ་མི་འཇུག་རྒྱུའི་ཁས་ལེན་དམ་བཅའ་བྱས་རྗེས་བྱུང་བའི་ལས་འགུལ་ཐོག་མ་དེ་ཆགས་ཡོད་འདུག

བལ་ཡུལ་གྱི་གཞུང་འཛིན་མའོ་ཚོགས་པ་ཕྱི་ཟླ༥པའི་ནང་ཉམས་རྒུད་དུ་ཕྱིན་ཞིང༌། གཞུང་འཛིན་ཕྱོགས་སྒྲིལ་ཚོགས་པ་གསར་བས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་རྐང་འཛུགས་སླད་པའི་དུས་འདིར། བོད་མིའི་རྒྱ་རྒོལ་གྱི་ལས་འགུལ་སླར་ཡང་སྤེལ་འགོ་ཚུགས་ཡོད་འདུག བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་གནས་སྡོད་བྱས་ཡོད་པའི་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤི་ཡ་རྒྱ་གར་གསར་ཁང་གི་གསར་འགོད་པར་བརྗོད་ཡོད་དོན། བལ་ཡུལ་གྱི་མའོ་ཚོགས་པའི་གཞུང་འཛིན་སྲིད་བྱུས་འོག ཆབ་སྲིད་ཀྱི་ལས་འགུལ་དང་མར་མེ་ཁྲོམ་སྐོར་སོགས་སྤེལ་བར་བཀག་སྡོམ་དམ་དྲག་ཆེ་མོད། ད་ལྟའི་བལ་ཡུལ་གཞུང་གིས་སྔར་གྱི་སྲིད་བྱུས་བསྐྱར་ཞིབ་བྱེད་པའི་ཐག་གཅོད་བྱས་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་ཡོད་འདུག
སྔར་ལོར་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་འཚོགས་དུས། བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་རྒོལ་གྱི་ལས་འགུལ་རྒྱ་ཆེ་བ་རིམ་པ་བསྟར་ཆགས་སུ་སྤེལ་ཏེ། རྒྱའི་དབང་བསྒྱུར་འོག་གི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པའི་དངོས་དོན་འཛམ་གླིང་ཡུལ་གྲུ་གང་སར་བསྒྲགས་ཡོད་པ་རེད།

བལ་ཡལ་གཞུང་གི་སྲིད་དབང་རྒྱུད་འཛིན་པ་དག་གིས་བལ་ཡུལ་ནང་རྒྱ་རྒོལ་གྱི་ལས་འགུལ་བཀག་བསྡོམས་བྱེད་པའི་ཁས་ལེན་བྱས་ཡོད་རྐྱེན། ཕྱི་ཚེས༢༦ཉིན་གྱི་ཞི་བའི་རྒྱ་རྒོལ་ལས་འགུལ་དེས་བལ་ཡུལ་གཞུང་གི་སྲིད་བློན་མ་ཌི་ཧ་བི་ཁྭོལ་མར་མཆོག་ལ་དཀའ་ངལ་འཕར་མ་ཞིག་སྤྲད་ཡོད་ཅིང༌། རྒྱ་ནག་གཞུང་གིས་རྒྱ་བལ་གཉིས་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ངོས་འཛིན་དང་ཁག་ཁུར་གང་ཡང་མེད་པར། ཁོ་ཚོ་ཁྲིམས་མཐུན་མིན་པའི་ཡུལ་སྤོ་མཁན་གྱི་ནག་ཉེས་འོག་ཉེས་ཆད་གཅོད་དགོས་ཚུལ་དང༌། གཞན་ཡང་རྒྱ་གར་དང་བལ་པོའི་ས་མཚམས་ཁག་བཀག་བསྡོམས་དམ་དྲག་གིས་རྒྱ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་རྣམས་ཕར་འགྲོ་ཚུར་འོངས་བྱེད་པར་བཀག་འགོག་བྱེད་དགོས་ཚུལ་གྱི་འབོད་སྐུལ་ཞུ་བཞིན་ཡོད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: