གསར་འགྱུར་གསར་པ།:

དགོངས་ཚུལ།

རྒྱ་མིའི་ཁྲིམས་རྩོད་པ་ཞིག་གིས་ྋགོང་ས་མཆོག་ལ་རྒྱབ་སྐྱོར།

12november20082ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༡ཚེས་༡༢ཉིན་སྤེལ། རྒྱ་ནག་གི་ཁྲིམས་རྩོད་པ་ཀྲུ་ཅིའུ་ཧུའུ་ཡིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་དབུ་མའི་ལམ་ནས་འཐབ་རྩོད་གནང་བའི་དགོངས་གཞིར་རྒྱབ་སྐྱོར་ཞུ་ཡི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ཡང་སྤྱིར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པ་ཀྲུ་ཅིའུ་ཧུའུ་ཡིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་འབད་བརྩོན་གནང་བཞིན་པ་དང་རྒྱ་བོད་གཉིས་ཕན་གྱི་དགོངས་གཞི། དེ་བཞིན་རྒྱ་བོད་གཉིས་བར་གྱི་མཛའ་མཐུན་ཡོང་ཐབས་ཀྱི་དགོངས་གཞི་བཅས་ནི་རླབས་ཆེན་ཞིག་ཡིན་པར་བརྟེན་རྒྱབ་སྐྱོར་ཞུ་ཡི་ཡོད་པ་རེད།

ཀྲུའུ་ཅིའུ་ཧུའུ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱེད་མཁན་གྱི་རྒྱ་མིའི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་གྲན་རྡུ་གྲོང་ཁྱེར་གྱི་ཁྲིམས་ཁང་དུ་རྒྱ་མི་རྩོམ་བྲིས་པ་ཁྲེན་ཏའོ་ཅུན་ལ་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག་ཁྲིམས་བཤེར་བྱེད་པའི་སྐབས་ཁོང་གིས་ཁྲིམས་རྩོད་པ་གནང་སྟེ་ཁྲིམས་ཁང་དུ་ཞུ་གཏུགས་བྱེད་པའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འབད་བརྩོན་གནང་བཞིན་པའི་རྒྱ་བོད་མཉམ་གནས་ཀྱི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད་པ་རེད། དེ་ཡང་ཁོང་གིས། ཁྲེན་ཏའོ་ཅུན་གྱི་ཆེད་དུ་རྒྱ་ནག་གི་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པའི་གསལ་བསྒྲགས་ཡི་གེ་དེའི་ནང་ལ་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉི་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་དབུ་ཁྲིད་དང་རྒྱ་ནག་མི་དམངས་ལ་སྩལ་བའི་གསུང་འཕྲིན་གྱི་ནང་ལ་བོད་དེ་བཞིན་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲོམ་གཞིའི་འོག་རྒྱ་བོད་གཉིས་ཕན་ཡོང་བའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་ལེན་གནང་གི་ཡོད་པའི་བཀའ་གསལ་པོ་གནང་བ་དེ་དང་ད་དུང་ྋགོང་ས་མཆོག་གི་བོད་ཀྱི་རིག་གཞུང་དང་ཆོས་ལུགས།བོད་མི་རིགས་ཀྱི་སྐད་ཡིག།མི་རིགས་ཀྱི་ངོ་བོ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཉམ་ཆགས་འགྲོ་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་གནང་བ་དེ་དག་དྲང་བདེན་ཡིན་པའི་རྒྱབ་སྐྱོར་ཞུས་པ་མ་ཟད་ཁོང་གིས་མཐར་ཐུག་གི་བོད་མི་ཚོའི་བསྒྲུབ་བྱའི་མངོན་འདོད་དེ་དག་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ནི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་བོད་མི་དམངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་སྤྲོད་རྒྱུ་དེ་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཁྱོད་ཨེ་བདེན།
1 ༡༢༢༠༠༨༢༡༡༩
ཁྱོད་ཨེ་བདེན། མ་གཞི་ནས་འགྲིགས་ཀ ང་ཚོར་དེ་ལྟ་བུའི་བདེན་དཔང་དགོས། ད་དུང་སྐད་བསངས་མཐོན་པོས་ཤོད་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།