གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་སུམ་ཅུ་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༤ཉིན་སྤེལ། ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་དང་གདན་འབོད་འོག མིང་གྲགས་ཅན་གྱི་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱིས་གངས་ཅན་སྐྱིད་གཤོངས་ཀྱི་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་བོད་རིགས་རྩོམ་པ་པོ་དང༌། གསར་འགོད་པ། དེ་བཞིན་དུ་སེར་སྐྱ་མི་མང་༧༠ལྷག་དང་མཉམ་དུ་བོད་དོན་དང་འབྲེལ་བའི་བགྲོ་གླེང་གོ་བསྡུར་གནང་ཡོད་པ་རེད།
སྐུ་ཞབས་ཝང་ལགས་ཀྱིས་༼བོད་ཀྱི་ལས་དབང༽་དང༌། ༼ཏཱ་ལའི་བླ་མ་དང་ལྷན་དུ་གླེང་མོལ༽། ༼བོད། དུས་རབས་ཉེར་གཅིག་པའི་རྒྱ་ནག་གི་རྩིབས་རུས༽་སོགས་ཀྱི་བརྩམས་ཆོས་མང་པོ་ཞིག་བརྩམས་ཡོད་པ་མ་ཟད། ཁོའི་བཟའ་ཟླ་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་མཉམ་དུ་མི་ལོ་དྲུག་ལྷག་ལ་དཀའ་སྤྱད་འབོད་བརྩོན་གནང་མཐར་༼གསར་བརྗེ༽་ཞེས་པའི་དཔེ་དེབ་གསར་རྩོམ་མཛད་སྟེ། ཕྱི་ལོ༡༩༥༩ལོ་ནས༡༩༦༩ལོའི་བར་རོལ་གྱི་མི་ལོ་བཅུ་རིང་གི་རིག་གནས་གསར་བརྗེ་ཆེན་མོའི་དོན་རྐྱེན་དེ་བོད་ཀྱི་ལོ་རྒྱུས་ནང་སྟོང་ཆར་ལྷག་ལུས་བྱུང་ཡོད་པ་ཁ་སྐོང་གནང་ཡོད་འདུག
ལྦང་ལགས་ཀྱིས་རང་གི་བཟའ་གྲོགས་འོད་ཟེར་དང་ངོ་འཕྲད་སྟེ་བཟའ་ཚང་གཅིག་ཏུ་གྱུར་བ་ནི་ལས་དབང་གི་བཀོད་སྒྲིག་ཅིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང༌། འོད་ཟེར་གྱིས་ཁོའི་བོད་དོན་ཐད་ཀྱི་བློའི་སྒེའུ་ཁུང་ཆེར་ཕྱེ་བ་མ་ཟད། སྔར་བོད་ཀྱི་རི་ཆུ་ལུང་གསུམ་དང༌། ཡུལ་སྲོལ་གོམས་ལུགས་སོགས་འབྲི་བའི་རང་ཉིད་ཀྱི་རྩོམ་འབྲིའི་གོམས་གཤིས་བཅོས་བསྒྱུར་གྱིས་བོད་མི་རིགས་ཀྱི་དངོས་ཡོད་འཚོ་བ་དང་སེམས་ཀྱི་བདེ་སྡུག་དངོས་འབྲི་འགོ་ཚུགས། ཞེས་འགྲེལ་བརྗོད་གནང་སོང༌།
ཝང་ལགས་ཀྱིས་བརྗོད་བཞིན་པའི་རིམ་འཕེལ་མང་གཙོ་ཞེས་བ་ནི་དེང་གི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དར་ཁྱབ་ཆེ་བའི་འགྲན་རྩོད་དང་འགལ་ཟླ་གཙོར་འཛིན་པའི་མང་གཙོའི་ལམ་སྲོལ་དང་མི་འདྲ་བར། མི་རིགས་དང་རིག་གཞུང༌། དེ་བཞིན་དུ་སྲིད་བྱུས་སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་གཅིག་མཚུངས་མིན་པའི་སྤྱི་ཚོགས་ལ་སོ་སོར་འོས་ཤིང་འཚམ་པའི་མང་གཙོའི་ལམ་སྲོལ་མཁོ་བ་གསལ་བཀྲོལ་གནང་བཞིན་ཡོད་འདུག
ཁོང་གིས་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་སྲོལ་ཐད་བརྗོད་དོན། ད་ལྟའི་འཆར་བོད་མི་རིགས་རྣམས་མཐུན་སྒྲིལ་གོང་བུ་གཅིག་གྱུར་དུ་ཆགས་ཡོད་པ་ནི་ྋགོང་ས་ཏཱ་ལའི་བླ་མ་གཅིག་པུའི་སྐུ་དྲིན་ཡིན་ཞིང༌། འབྱུང་འགྱུར་ནང་ཁོང་སྐུ་མི་བཞུགས་དུས། བཙན་བྱོལ་བོད་ཀྱི་མང་གཙོའི་ལམ་སྲོལ་གྱིས་བོད་མི་རིགས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་མ་ཟད། དེ་ལ་རྒྱ་ནག་གི་བཀག་སྡོམ་གཉའ་གནོན་འོག་འཚོ་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཚུར་བཙན་བྱོལ་དུ་འགུགས་པའི་ནུས་ཤུགས་ལྡན། དེ་བས་བཙན་བྱོལ་བོད་ཀྱི་མང་གཙོས་རང་ཉིད་སྲུང་སྐྱོབ་བྱེད་ནུས་ཁར། བོད་རྒྱའི་དཀའ་རྙོག་སེལ་པར་འང་ཕན་འབྲས་ལེགས་པོ་བསྐྲུན་ཐུབ། ཅེས་དང༌། བཙན་བྱོལ་བོད་ཀྱི་མང་གཙོའི་སྒྲིག་སྲོལ་དེ་ལེགས་བཅོས་གོང་སྤེལ་གཏོང་རྒྱུ་ནི་གནད་འགངས་ཤིན་ཏུ་ཆེ་ལ། བཙན་བྱོལ་བོད་གཞུང་གིས་ནུབ་ཕྱོགས་ཀྱི་འགལ་ཟླ་དང་འགྲན་རྩོད། སྲིད་ཏང་ཚོགས་པ་མང་བོའི་མང་གཙོའི་ལམ་སྲོལ་དེ་དོན་གཉེར་བྱས་ཚེ། བཙན་བྱོལ་བོད་གཞུང་ཐོར་བཤིག་ཏུ་འགྲོ་བའི་དཀའ་ཉེན་འང་ཡོང་སྲིད། གང་ཡིན་ཞེ་ན། ནུབ་ཕྱོགས་རྒྱལ་ཁབ་ཚོར་ཆ་མཚོན་ན་མང་གཙོའི་མ་ལག་ཆ་ཚང་བ་ཅིག་བཀོད་སྤྱོད་བྱེད་པའི་སྒྲོམ་གཞི་འམ་བླུགས་སྣོད་ཅིག་ཡོད་ཅིང། བཙན་བྱོལ་བོད་ལ་དེ་ལྟ་བུའི་སྒྲོམ་གཞི་ཞིག་ཡོད་པ་མ་རེད། ཅེས་གསུང་བྱུང༌།
ཝང་ལི་ཞོན་བཞུགས་སྒར་དྷ་རམ་ས་ལར་ཟླ་གཉིས་རིང་ལ་བཞུགས་ཏེ་བཙན་བྱོལ་བོད་རིགས་དང་འབྲེལ་འདྲིས་ཀྱིས་བཙན་བྱོལ་བོད་མིའི་འཚོ་བ་དང་གཞུང་གི་ལངས་ཕྱོགས་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་འཆར་ཡོད་ཅིང༌། ཕྱི་ཚེས༢༢་ཝང་ལགས་ཀྱིས་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ། བོད་རྒྱ་མི་རིགས་བར་གྱི་དཀའ་རྙོག་གཙང་སེལ་བྱེད་ཕྱོགས་དང༌། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་གོ་བསྡུར་གནང་ཡོད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: