དགོངས་ཚུལ།

ད་ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། ད་ལོའི་ཕྱི་ཟླ་༤པའི་ཚེས་༢༡ཉིན། ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་ཐེངས་༡༢པའི་ཐོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ཤོན་ཕན་ལགས་ལ་ད་ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་གཏན་འཁེལ་གནང་འདུག

ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་ཐེངས་༡༢པ་དེ་ཨ་རིའི་གྲོང་ཁྱེར་ཤི་ཀ་གོ་རུ་ལྷན་ཚོགས་གནང་གཏན་འཁེལ་ཡོད་པ་དང་། ད་ལོའི་ཕྱི་ཟླ་༤ཚེས་༢༡ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་༣རིང་ཚོགས་རྒྱུ་ཡིན་ལ། སྐབས་དེར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག

ལྷན་ཚོགས་ཐོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞོན་ཕན་ལགས་ལ་༢༠༡༢ལོའི་ནོར་བྷེལ་ཞི་བདེའི་གཟེངས་འབུལ་རྒྱུ་ཡིན་ལ།  ཕྱི་ལོ་༢༠༡༠ལོར་ལྷོ་ཨ་མི་རི་ཀའི་མཆོ་གླིང་རྒྱལ་ཁབ་ཧེ་ཊི་ཡི་ནང་དུ་ས་ཡོམ་གྱིས་གོད་ཆག་ཚབས་ཆེན་ཐེབས་པར་བརྟེན། ཁོང་གིས་བདེ་རྩ་ཚོགས་པ་གསར་འཛུགས་ཀྱིས་ས་གནས་བུད་མེད་དང་བྱིས་པ་གཙོ་བོར་གྱུར་བའི་ཉམ་ཐག་མི་མང་ལ་ཟས་གོས་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་བསྐྲུན་པ་སོགས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གང་མང་གནང་པར་བརྟེན། འདི་ལོའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཁོང་ལ་འབུལ་གཏན་འཁེལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།