རྒྱལ་ཚོགས་མདུན་གྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམ་གྱི་དགོས་འདུན་ལྔ་ལ་ཞིབ་འཇུག་དང་གང་མགྱོགས་ལག་བསྟར་གནང་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་ཡོད་འདུག

འདི་ལོའི་བོད་ཀྱི་ལོ་གསར་ཚེས་གཅིག་ནས་དབུ་འཛུགས་ཀྱིས་ཨ་རིའི་ཉིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས། རྡོ་རྗེ་རྒྱལ་པོ་ལགས་བཅས་ཀྱིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་༣༠སོང་ཡོད་པ་རེད།

དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་རོགས་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་སློབ་སྟོན་པ་ན་ཝེ་ཕེལ་ལི་(Navi Pillay)མཆོག་གཙོས་པའི་ལས་བྱེད་ཁག་ཅིག་ཟས་བཅད་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གསུམ་གྱི་མདུན་དུ་ཆེད་བཅར་གྱིས།  དགོས་འདུན་༥་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་ཞིབ་འཇུག་དང་གང་མགྱོགས་ཀྱིས་ལག་བསྟར་ཡོང་བར་འབད་བརྩོན་གནང་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་པ་ལྟར།  ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་སྟེ་སྐྱབས་རྗེ་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་དང་ཡེ་ཤེས་བསྟན་འཛིན་ལགས་གཉིས་ཀྱང་སྨན་ཁང་དུ་ཕེབས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རིན་པོ་ཆེ་མཆོག་དང་རྣམ་པ་གཉིས་བཅས་ནས་བྱ་བ་ལེགས་གྲུབ་དང་རྒྱལ་ཚོགས་དཔོན་རིགས་ལྷག་བསམ་བཅས་
ཡོངས་ལ་ཡིད་རངས་དང་བཀྲ་ཤིས་བདེ་ལེགས་ཞེས་གུས་པས་སྙིང་ནས་ཞུ་འདོད་བྱུང་། འབྱུང་འགྱུར་དགོས་འདུན་
དེ་དག་ལག་བསྟར་མྱུར་བ་ཡོང་བ་དང་ཁྱེད་རྣམ་དབུས་པས་འུ་ཅག་བོད་འབངས་ཡོངས་ཀྱི་མངོན་འདོད་མྱུར་བ་
འཆར་ཐུབ་པའི་སྨོན་འདུན་གྲངས་མེད་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།