གྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲི་བར་རྒྱ་ནག་གིས་གཡོལ་ཐབས།

 པར་འདེབས།

11november200811ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༡ཚེས་༡༡ཉིན་སྤེལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མནར་གཅོད་སྡེ་ཚན་བཅས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུ་སྐུལ་བྱས་པར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་དྲི་བར་རྒྱ་ནག་གིས་དངོས་སུ་གཡོལ་ཐབས་བྱས་ཡོད་ནའང་ཕྱོགས་ཡོངས་ནས་རྒྱ་ནག་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་མནར་གཅོད་སྡེ་ཚན་བཅས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུ་སྐུལ་བྱས་པར་བརྟེན་སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གིས་དྲི་བར་རྒྱ་ནག་གིས་ གཡོལ་ཐབས་བྱས་ནས་ལན་ཁ་གསལ་ཞིག་རྒྱབ་མེད་པར་འགྲོ་བ་མིའི་ཐོབཐང་ཚོགས་པ་ཁག་གིས་བློ་ཕམ་ཆེན་པོ་གནང་འདུག

གྲོང་ཁྱེར་ཇི་ནི་ལྦའི་ནང་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ལི་བྷའོ་ཏུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་ལ་རྒྱ་ནག་ནང་མནར་གཅོད་བཏང་བའི་ལུགས་སྲོལ་མེད་པ་དང་རྒྱལ་ཁབ་ཀྱི་བཙོན་ཁང་ནང་ཡོད་པའི་བཙོན་པ་ཚོར་ཞེད་སྣང་སྐུལ་བ་དང་བསུན་བཙིར་བཟོས་པ། ཉེས་རྡུང་བཏང་བ་སོགས་བྱེད་མཁན་གྱི་རིགས་ལ་ཉེས་ཆད་ནན་པོ་གཏོང་རྒྱུའི་རྒྱལ་ཁབ་ཀྱི་ཁྲིམས་བཟོས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

འོན་ཀྱང་གོང་ཞུས་འདྲི་རྩད་ཀྱི་ལྷན་ཚོགས་འདིའི་ཐོག་ཟུར་ཉན་གནང་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསུངས་པ་གཞིགས་ན། ཚོགས་མི་༣༢ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེས་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གིས་རྒྱ་ནག་གི་ཉེན་རྟོག་ལས་ཁང་དང་བཙོན་ཁང༌། བཟང་བཙོན། སེམས་ཁམས་བརྟན་པོ་མེད་པའི་མི་ལ་སྨན་བཅོས་བྱེད་སའི་རྟེན་གཞི་ཁག་སོགས་ཀྱི་ནང་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་ཡོང་གི་ཡོད་སྐོར་དྲི་བ་དྲིས་པར་རྒྱ་མིའི་སྐུ་ཚབ་ཚོས་ཁྲིམས་གཞི་གཏན་འབེབས་བྱས་པའི་སྐོར་གནས་ཚུལ་འགྲེལ་བརྗོད་བྱས་པ་ལས་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་གི་མེད་པའི་ཁྲིམས་གཞི་ལག་བསྟར་བྱ་ཕྱོགས་སྐོར་གནས་ཚུལ་ཁ་གསལ་ལན་རྒྱབ་མེད་པ་རེད།འོན་ཀྱང་གོང་ཞུས་འདྲི་རྩད་ཀྱི་ལྷན་ཚོགས་འདིའི་ཐོག་ཟུར་ཉན་གནང་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསུངས་པ་གཞིགས་ན། ཚོགས་མི་༣༢ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེས་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཚོགས་ཆུང་གིས་རྒྱ་ནག་གི་ཉེན་རྟོག་ལས་ཁང་དང་བཙོན་ཁང༌། བཟང་བཙོན། སེམས་ཁམས་བརྟན་པོ་མེད་པའི་མི་ལ་སྨན་བཅོས་བྱེད་སའི་རྟེན་གཞི་ཁག་སོགས་ཀྱི་ནང་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་ཡོང་གི་ཡོད་སྐོར་དྲི་བ་དྲིས་པར་རྒྱ་མིའི་སྐུ་ཚབ་ཚོས་ཁྲིམས་གཞི་གཏན་འབེབས་བྱས་པའི་སྐོར་གནས་ཚུལ་འགྲེལ་བརྗོད་བྱས་པ་ལས་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་གི་མེད་པའི་ཁྲིམས་གཞི་ལག་བསྟར་བྱ་ཕྱོགས་སྐོར་གནས་ཚུལ་ཁ་གསལ་ལན་རྒྱབ་མེད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༡༣༢༠༠༨༢༢༠༦
ཇག་པ་རྒྱ་དམར། རྐུན་མ་ཁོ་པའི་གདོང་ལ་བལྟས་ན་གཡོ་རྒྱུ་ཆེ་མདོག་ལ།



བརྗོད་གཞི་གཞན་ཁག་ལ་གཟིགས།